རང་རྩོམ་རང་གྱེར། ▶ གདན་ཞུའི་སྙན་ངག་པ་འདམ་འཇིལ་ལི།

文摘   文学   2024-09-27 12:37   青海  

རང་རྩོམ་རང་གིས་གྱེར་ཀློག་བྱེད་པ་དེ། རང་ཉིད་གྱེར་འདོན་སྒྱུ་རྩལ་པ་ཞིག་ཨེ་ཡོང་ལ་བརྩོན་པ་མིན་པར། རང་ལ་རྒྱུས་མངའ་བའི་འཚོ་བའི་རིན་ཐང་གཤའ་མ་དེ་ཐད་ཀར་ཁྱེད་ཀྱི་སེམས་སུ་གསལ་ལེར་བཞེངས་འདོད་པ་དེའོ། ། 

---བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས།


藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

རང་རྩོམ་རང་གྱེར།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་ལས་རིམ་གསར་པ།

རང་རྩོམ་རང་གྱེར།

སྙན་ངག་པའི་ནང་སེམས་ཀྱི་སྐད་ཆ།



འདམ་འཇིལ་ལི། མིང་དངོས་ལ་རྡོ་རྗེ་རིག་འཛིན་ཟེར། མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་གཏེར་ལམ་རྫོང་ཤར་རི་ཁ་གྲོང་རྡལ་ཚ་ཚ་ཞིང་ཁ་སྡེ་བའི་མི་ཡིན། 2010ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། 2011ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་དུ་ལོ་ཙཱའི་བྱ་བ་གཉེར། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག»«ཟླ་ཟེར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«གངས་དཀར་རི་བོ»སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་སྙན་ངག་དང་སྒྲུང་ཐུང་རེ་འགའ་བཀོད་མྱོང། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  སྙན་དེབ་ཐོག་མ་སྟེ«དབྱངས་ཀྱི་ང་རོ»ཞེས་པ2017ལོའི་ཟླ12པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།   2021ལོའི་ཟླ11པར་སྒྲུང་འབྲིང་དེབ་སྟེ«རླུང་ཁའི་ལས་འཕྲོ»ཞེས་པ་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས་སུ་བདམས་ཏེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།

གཉིད་དུ་ཡུར་བའི་རི་ཚོགས།



རེ་སྒུག་ནི་གནམ་ལ་ཟུག་པའི་རི་རབ་ཅིག་གི་རྩེ་མོ་རང་རེད་འདོད

རེ་བ་ཁྲི་སྟོང་འཁུར་བའི་ཐང་དཀར་རྒོད་ཀྱི་གཤོག་སྣེ་ཟད་པའི་རྩེ་མོ་དེར

ངའི་དམུ་གབ་འོག་གི་མིག་ལམ་ནས་མཐོངས་ཡངས་པའི་འཇིག་རྟེན་ཞིག་ནུབ་སོང


ངས་རེ་སྒུག་ནི་རྒྱུན་མི་ཆད་པའི་གཙང་པོ་ཞིག་ཡིན་པར་རེ་སྨོན་བཅངས་ནའང

རེ་སྒུག་གྲངས་མེད་ཁྲོད་དུ་རྦ་རླབས་ལིང་ལིང་འབབ་པའི་གཙང་པོ་དེ་ཉིད

ངའི་དམར་འཚུབ་འཚུབ་ཀྱི་མིག་ལམ་ནས་སྐོམ་པ་མི་སོད་པའི་ཆུ་གཟུགས་སུ་མངོན

ཨངའི་གུ་དོག་གི་མིག་ལམ་ནས་མང་པོ་ཞིག་རྒྱང་ནས་རྒྱང་རིང་དུ་བཞུད་ཚར་ཨང


ངའི་མིག་མཐར་རུབ་ཅིང་འཚངས་འོངས་པ་ནི་རེ་སྒུག་ཡིན་དུས

ངའི་མིག་ལམ་གྱི་མཛེས་ཆོས་ཐམས་ཅད་སྟོང་ཟད་ཁྲོད་མོག་པོར་ལུས

རེ་སྒུག་ཁྲོད་ཀྱི་རི་ཚོགས་གཉིད་དུ་ཡུར་འདུག་ཟེར་བས་ཡིན་ནམ

གང་ལྟར་ཉ་སྲམ་མེད་པའི་གཙང་པོ་དེ་ཁེར་རྐྱང་ཡིན་པ་ཤ་སྟག་རེད

ད་ནིརེ་སྒུག་ཁྲོད་ཀྱི་མིག་ཟུང་གྲངས་མེད་ཀྱི་རེ་ཐག་ཆད་དེ

མུན་དོང་ཞབས་མེད་དེ་རུ་མིག་རྩ་དམར་ཆམ་མེར་འཆི་ཉམས་ཤར


ངས་རེ་སྒུག་གི་ཕུགས་བརྟོལ་ཏེ་རྒྱང་རིང་ཞིག་ལ་རྣ་བ་གླགས་ནས་མཉན་དུས

རྒྱང་རིང་གི་རིགས་ཚོགས་སྔར་བཞིན་ལྷིང་ཞིང་འཇགས ལྷིང་ཞིང་འཇགས


2023ལོའི་ཟླ9པའི་ཚེས7ཉིན་བྲིས།





ལྟ་སྐུལ་པ། ཞི་བདེ་ཉི་མ།

གདན་ཞུའི་སྙན་ངག་པ། འདམ་འཇིལ་ལི།

རྩོམ་སྒྲིག་པ། ཁྱུང་སྲས་ཀུན་བཟང་།


藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章