ས་མཐའ། བྱ་མདོ་བདེ་སྐྱིད་སྒྲོལ་མའི་སྙན་ངག

文摘   文学   2024-08-07 09:01   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

གྱེར་འདོན་སྒྱུ་རྩལ།
ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བྱོན་པ་ལེགས།




  ས་མཐའ།



   

 

   བྱ་མདོ་བདེ་སྐྱིད་སྒྲོལ་མ།

  

                      

སྔོན་ཆད་ངས་ས་མཐའ་ཞེས་པ་དེ་ལེ་དབར་ཁྲི་ཁྲག་གི་ཕར་ནང་ཞིག་ལ་ངོས་འཛིན་གྱིན་ཡོད།
ད་ལྟ་ངས་ས་མཐའ་ཞེས་པ་དེ་ཕ་ཡུལ་དང་བྲལ་ཏེ་མི་རྒྱུས་མེད་འགའི་ངོ་གདོང་ལྷན་དུ་སྤུངས་པ་དེ་རེད་བསམ་གྱིན་ཡོད།
ངས་ས་མཐའི་མི་རེ་རེ་རང་ཉིད་ཀྱི་ནང་སེམས་ལ་བསུ་ཐུབ་པའི་སྟ་གོན་བྱས་མྱོང་།
ཡིན་ནའང   མཚན་མོ་སླེབས་ཐེངས་རེ་རེར།
ངས་རང་ཉིད་ལ་མི་གཤིས་སྣ་ཚོགས་ལས་བཞུར་བའི་སྡུག་བསྔལ་བཤད་པ་ཡིན།
ཁྲེལ་བག་ཆག་པའི་སྒྲ་ལ་ཉན་ནས་ཡིད་སེམས་སྐྱོ་བ་ཡིན།
ཡིན་ནའང  ནམ་ཞིག་ལག་སྟོང་ལ་ཕྱིར་ལོག་དགོས་པར་འདང་ཞིག་བརྒྱབ་ན།
འཁོན་སེམས་མང་པོ་ཞིག་གུ་ཡངས་སུ་བཏང་པ་ཡིན།
བུད་མེད་ཅིག་གི་སྐྱེ་བ་བླངས་པའི་དབང་གིས
སྔ་མོ་ནས་རང་ཡུལ་དང་བྲལ་སོང་ལ།
འཁོར་བའི་མེད་མུག་གི་དོན་ལ   གཞན་ཡུལ་ནས་ཀྱང་ས་མཐར་ལྷུང་།
ཝང་ལུའོ་པིན་གྱི་གླུ་གཞས་ནང་གི་རྒྱང་ཐག་རིང་བའི་ས་ཆ་དེ་ལ་སླེབས།  

                               2024.8.6ལ་མདའ་བཞི་ནས།

---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།



藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章