རྩེ་ཞོགས་དང་རྩེ་ར། དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་གྱེར་འདོན།

文摘   文化   2024-06-01 09:49   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。




རྩེ་ཞོགས་དང་རྩེ་ར།

         


རྩོམ་པ་པོ། མོག་བུ་ཡེ་ཤེས་སྐྱབས།
གྱེར་འདོན་པ། བཀྲ་ཤིས་དབང་ཕྱུག དབྱངས་ཅན།

ཉི་འོད་མིག་ཟུང་དུ་བཅུག་སྟེ།

མཚན་མོ་བཀར་དགོས་བསམ་བྱུང་།

གཉིད་མ་ཁུགས་པར་སྒེའུ་ཁུང་ལས་སྐྱ་རེངས་ལ་ལག་པ་གཡུགས།

འུ་ཐུག་སྟེ་ར་སྐོར་ནང་གི་བྱ་ཕོ་ལ་བདའ་ལུང་བདའ་བྱས།

ཞེ་བྲེལ་ནས་ཕྱག་མདུད་གསེང་གི་པི་པི་ཤུབ་བུར་བུས།

ཡང་ཡང་སྒེའུ་ཁུང་ཕྱི་ཡི་སྒྲ་ལ་ཉན།

སྒྲ་ནི་ལྷིང་ཞིང་འཇགས།

ཡང་ཡང་དུས་ཚོད་ངོས་ཀྱི་མདའ་རྩེར་བལྟས།

མདའ་རྩེ་ཁེགས་ཤིང་དཀག

རྩེ་ཞོགས་ཀྱི་ཟ་འཕྲུག་ཁྲག་དང་རྩ་རྒྱུས་དེད་ནས་འབར།

ལྭ་གསར་ནང་ནས་རྩེ་དགོད་སྟེགས་ལ་ཤིན་ཏུ་བྲེལ།

སང་ཞོགས་དྲུག་པའི་ཚེས་གཅིག་ལ།

འཛུམ་ཆུང་མེ་ཏོག་བཞིན་བཞད།

མེ་ཏོག་གཅིག་ཡ་གཉིས་ཡ།

གར་སྟབས་བུང་བ་ལྟར་སྐྱེན།

བུང་བ་གཅིག་ཡ་གཉིས་ཡ།

ཀྱུར་ཀྱུར་གླུ་ཡང་ལེན།

ལྡེམ་ལྡེམ་གར་ཀྱང་འགྱུར།

དེ་རིང་དྲུག་པའི་ཚེས་གཅིག་ལ།

ཉི་མ་རིང་དུ་འཐེན་ནས།

མཚན་མོར་མདུད་པ་བརྒྱག་དགོས་བསམས།

དྭངས་ཤིང་གསལ་བའི་ཉིན་མོ་འདི་བསྲིང་ཐབས་སུ།

སྤྲིན་པ་དཀར་སེར་གྱི་ཁ་དོག་ཚེས་པའི།

ངོ་གདོང་ཆུང་ཆུང་དང་ལྭ་ལྭ་གསར་བར་ས་རྡུལ་གྱི་གཡུང་དྲུང་འཁྱུད།

ཕ་མ་མིང་སྲིང་གི་བརྩེ་བ་བྲན་པའི།

རྡེའུ་དཀར་ནག་དང་བྱ་བྱེའུ་འབའ་འབུར་ཞལ་བརྡ་ཤར་ཤར་མིག་ཆུའང་མཆོད།

རི་དང་གཙང་པོའི་ཞལ་ཁ་ཕྱེ་བའི།

ལྷམ་ཆུང་གིས་མ་ཁོགས་པའི་མཛུབ་མོ་སྙིང་ལ་རྗེ་དག

རླུང་གི་གཤོག་པ་ཐོགས་ཐོགས་ཀྱང་འཕུར།

ཨ་ཙི་ཙི།

ཉི་ནུབ་དང་གྲོད་པས་འབོད་ཀྱིན་འདུག

ཡུལ་ལ་ལོག་དགོས་བྱུང་སོང་།

དགོད་དམ། ནམ་མཁའི་ལྷ་ཡང་བཞད།

ངུའམ། ནག་པོ་བདུད་ཀྱང་བསྔུན།

དྲུག་པའི་ཚེས་གཅིག་ལ།

དྲུག་པའི་ཚེས་གཅིག་ལ།

ཉི་མའང་དྲོ།

རླུང་ཡང་གཡུགས།

ངོ་གདོང་ཆུང་ཆུང་འདིའི།

ཕྱེད་ཀ་འཛུམ་ཆུང་ཡིན།

ཕྱེད་ཀ་མིག་ཆུ་ཡིན།

---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།


藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章