འཇུ་སྐལ་བཟང་གི་སྙན་ངག 《བླ་རི།》

文摘   文学   2024-06-08 14:32   西藏  

བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།

བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།

藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

གྱེར་འདོན་སྒྱུ་རྩལ།
ཆོལ་གསུམ་བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོར་བྱོན་པ་ལེགས།



བླ་རི། 

འཇུ་སྐལ་བཟང་།

  


གནའ་བོའི་དམུ་ཐག་དུམ་བུར་ཆད་པ་ལས།
བྱང་ཐང་ལ་ལྷུང་བའི་བླ་སྲོག་གསོན་པོ་ཞིག་ལ།
ངག་རྒྱུན་དང་གངས་རྡུལ་ཡང་ཡང་བབས་པས།
ལྷ་སྒྲུང་གི་ཕུང་བོ་གཏོས་ཆེ་བ་ཞིག་ཏུ་ཆགས།

གོ་ཁྲབ་དང་གླེགས་བམ་ཡུན་གྱིས་རུལ་བ།
ཟངས་རག་དང་གཏེར་རྡོར་གྱུར།
རླུང་རྟ་དང་དར་ལྕོག་ལ་བྱང་རླུང་གིས་གཙེས་དྲགས་པས།
ཕྱི་ནང་ངེས་མེད་སྒྱུར་ཅིང་ཁ་ཕྱོགས་ཡང་ཡང་འཆོལ།
དང་པོའི་ཐ་ཚིག་གི་སྣེ་ལས།
གསོལ་ཁ་དང་ཀུ་བསོ་ཡིས་དྲག་ཏུ་བསྐུལ་ཀྱང་།
རྨི་ལམ་ལ་འཇིགས་པ་བསྟུད་མར་བསྣན་པ་ཙམ།
མཚན་མོའི་དུས་སུ།
མགོ་ཐོག་གི་ཟུངས་ཁྲག་ཤོར་བའི་ནམ་མཁའ་རུ།
ཚེས་རུ་འཁྱགས་པོ་ཞིག་འཁྱོག་ལ་འཕྱང་།

རི་ཞོལ་གྱི་ལྷས་འདབས་ན།
ལ་གཞས་ཟ་ཟིར་སྒྲོག་པའི་གཞོན་ནུ་མས།
རི་ཆུ་ལ་རྨས་སྐྱོན་ཤོར་བ་མི་ཤེས་ལ།
དཔྱིད་དུས་ཀྱི་ཁུ་བྱུག་ནི་མགྲིན་པ་མིག་ཆུས་རྣོང་བཞིན།
སེམས་པ་གསོ་བའི་ཀུ་ཧུ་རྟག་ཏུ་སྒྲོག

1985.6.8

---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།



藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章