རང་རྩོམ་རང་གྱེར། ▶ གདན་ཞུའི་སྙན་ངག་པ་བྲག་རྡོ།

文摘   文学   2024-09-19 19:07   青海  

རང་རྩོམ་རང་གིས་གྱེར་ཀློག་བྱེད་པ་དེ། རང་ཉིད་གྱེར་འདོན་སྒྱུ་རྩལ་པ་ཞིག་ཨེ་ཡོང་ལ་བརྩོན་པ་མིན་པར། རང་ལ་རྒྱུས་མངའ་བའི་འཚོ་བའི་རིན་ཐང་གཤའ་མ་དེ་ཐད་ཀར་ཁྱེད་ཀྱི་སེམས་སུ་གསལ་ལེར་བཞེངས་འདོད་པ་དེའོ། ། 

---བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མས།


藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。

རང་རྩོམ་རང་གྱེར།
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོའི་ལས་རིམ་གསར་པ།

རང་རྩོམ་རང་གྱེར།

སྙན་ངག་པའི་ནང་སེམས་ཀྱི་སྐད་ཆ།



བྲ་ཚ་བ་རྡོ་རྗེ་ཚེ་རིང་། དགུ་བཅུའི་སྟོད་དུ་མཚོ་སྔོན་པོ་རྐང་ཚར་སྐྱེས། «སྦྲང་ཆར»«གངས་རྒྱན་མེ་ཏོག»སོགས་སུ་སྙན་ངག་ཁ་ཤས་སྤེལ།


བརྩེ་བའི་ལག་པ




རྒྱུས་མེད་ཀྱི་ལམ་བུ་རེ་རེ་བརྒལ་དུས།

ངས་འཇིག་རྟེན་གྱི་བརྩེ་བ་ཞིག་དྲན་འོངས།

བརྩེ་བའི་ལག་པས་བཟོས་པའི་ལམ་བུ་རེ་རེ།

གནས་ལུགས་ཀྱི་མཁར་རྫོང་ཡིན་པ་དྲན་འོས།


བདེ་སྐྱིད་ཀྱི་རྨི་ལམ་དང་བརྩེ་དུང་གི་ནམ་མཁའ།

ངས་ཤོད་མ་ནུས་པའི་སྙིང་གཏམ་ཡིན།


བྱམས་བརྩེ་དང་ལྷག་བསམ་གྱི་བཞུར་རྒྱུན་རིང་མོ།

ངས་དྲན་མ་ཕོད་པའི་འདང་བརྩེ་ཡིན།


ལང་ཚོ་དང་བར་ཐག་གི་སྡུག་བསྔལ་གྱི་ལོ་འདབ།

ངས་བལྟ་མ་ཕོད་པའི་མཛེས་སྡུག་ཡིན།


འདི་ལྟར་གདུག་རྩུབ་ཀྱིས་ལོ་ཟླ་མང་པོ་བརྒལ་ནའང་།

བརྩེ་བའི་ལག་པ།

སྔར་བཞིན་དྲོད་ལམ་ལམ་ངང་།

སེམས་ཀྱི་གཏིང་དུ་ལྷུང་།





ལྟ་སྐུལ་པ། ཞི་བདེ་ཉི་མ།

གདན་ཞུའི་སྙན་ངག་པ། བྲག་རྡོ།

ཇུས་འགོད་པ། ཁྱུང་སྲས་ཀུན་བཟང་།


藏族朗诵平台
བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ། 藏族朗诵平台是藏区最大的朗诵媒体之一,自媒体平台主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。
 最新文章