བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ་ནི་གྱེར་འདོན་སྒྱུ་རྩལ་ལ་ཐུགས་མོས་ཆེ་བའི་མི་བུ་རེ་སྙེག་ཅན་རྣམས་ལ་བསྐྲུན་པའི་སྐད་ངག་གི་ཉམས་སྣང་མངོན་སའི་གར་སྟེགས་ཤིག་དང་། ནང་སེམས་ཀྱི་འགྱུར་བ་བསྙལ་སའི་གནས་མལ་ཞིག་ཡིན་པས། གྱེར་འདོན་སྒྱུ་རྩལ་པ་གང་མང་སྐྱེད་སྲིང་སྒོས་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཅིང་དུས་རབས་ཀྱི་སྙིང་སྟོབས་ལྡན་པ་ཞིག་ཏུ་འགྱུར་བར་རེ་བཞག་ཤིན་ཏུ་ཆེ།
བོད་ཀྱི་སྙན་ངག་པ་གྲགས་ཅན་འབྲུག་ལྷ་རྒྱལ་ནས།
藏族朗诵平台是藏区最大的朗诵媒体之一,本公众号主要是分享藏族已出版过的一些诗歌、经典朗诵、朗读,小品、故事等。专注藏族文化教育、是一个致力于为广大藏族同胞提供一个交流互动的服务平台。
诗歌朗诵就是朗诵者用清晰的语言,响亮的声音,优美的体态,引入的动作把原诗歌、作品有感情地向听众表达出来,以传达诗歌的思想内容,以引起听众的共鸣。
阅读,有时是为了寻找一点诗意,有时是为了在别人的故事里刷自己的存在感。
དགེ་འདུན་ཆོས་འཕེལ།
ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་བའི་རྐང་འགྲོས་རབ་བཀོད་ཅིང་། །
ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་མངོན་བརྒལ་ཏེ། །
གཅེས་ཤིང་འཕང་བའི་སྲོག་གི་ཉག་ཐག་རལ་གྲིའི་སོ་ལ་དྲངས་པ་ལས། །
དཀའ་བའི་ལོ་ཟླ་རིང་མོ་ཟད་ནས་ཅི་ཞིག་ལྟར་སྟེས་གཞུང་འདི་གྲུབ། །
ཆེན་པོའི་ལུང་དང་གསེར་གྱི་མཎྜལ་བཅས། །
བསྐུལ་བའི་སྐྱེས་བུ་སུ་ཡང་མ་མཆིས་ཀྱི། །
རིགས་པའི་དབྱིག་མཛོད་འདོར་ལ་འཕང་བའི་བློས།།
རང་གིས་དཀའ་བ་འཁུར་དུ་བླངས་ཏེ་བྲིས། །
དབང་འབྱོར་ཁྲག་ལ་ཁམས་པའི་མེ་འབར་བའི།།
དམར་སེར་ཕྲག་དོག་མིག་ལ་ཆེར་འཇིགས་ཀྱང་།།
གནོག་ཆུང་ཐོས་པ་བསགས་པའི་བག་ཆགས་ལ། །
གོམས་པའི་རང་སེམས་རིགས་པའི་གཏམ་ལ་ཆགས། །
ཐོས་བརྩོན་ཤེས་རབ་ཅན་གྱི་སྙིང་གི་སྒོར། །
ཅི་སྟེ་ཞུགས་ན་འབད་པའི་འབྲས་བུ་སྟེ། །
ལྐུགས་པའི་འཛུམ་དང་ཕྱུག་པོའི་ལེགས་སོ་ལ། །
རེ་བའི་རྨི་ལམ་བདག་ལ་ནམ་ཡང་མེད། །
ཟས་དང་སྐོམ་གྱི་མཁོ་བ་ཟད་པའི་སྣག་གི་ཕུང་པོ་ཞིག་གྱུར་ཅིང་། །
རྙེད་དང་བཀུར་བསྟིའི་རེ་ཐག་ཆད་པའི་རུས་གོང་ཚོགས་རྣམས་འཐོར་བ་ན། །
དཀའ་བས་བསགས་པའི་མང་ཐོས་ཕུང་པོ་ཡི་གེའི་གཟུགས་སུ་གྱུར་པ་འདིས། །
མ་མཐོང་གྲོགས་པོ་རྣམས་ཀྱི་མདུན་དུ་རྒྱ་ཆེན་ཕན་པའི་ལམ་མཚོན་ཤོག །
གཏམ་རྒྱུད་གསེར་ཐང་གི་མཇུག་རྩོམ་ལས་བཤུས།
---བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
རྩོམ་སྒྲིག་དང་ཇུས་འགོད་པ། ཁྱུང་སྲས་ཀུན་བཟང་།