ཨ་རིའི་རྒྱལ་ཁབ་ཀྱི་མིང་གཞན་ལ་འཛམ་གླིང་གི་ཉེན་རྟོག་པ་ཞེས་ཟེར།

文化   2024-07-16 19:04   四川  
ཨ་རིའི་རྒྱལ་ཁབ་ཀྱི་མིང་གཞན་ལ་འཛམ་གླིང་གི་ཉེན་རྟོག་པ་ཞེས་ཟེར།


ཡི་གེ་བ། ཨ་ཕོ་ལུག་རྫི།   


   ཨ་རི་ནི་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་པའི་རྒྱལ་ཁབ་གསར་པ་གསར་རྐྱང་ཞིག་ཡིན་ན་ཡང་འཁྲུགས་ཆེན་གཉིས་པ་ནས་བཟུང་ཆེས་ཤིན་ཏུ་འཕེལ་རྒྱས་སུ་སོང་སྟེ་རིམ་གྱིས་འཛམ་གླིང་གི་ཡོངས་རྩེ་ལ་སོན། སྐབས་དེར་གོ་ལ་འདིའི་སྒང་ན་ཨ་རི་ལ་འགྲན་བཟོད་པ་སུའུ་ལེན་ཁོ་ན་མ་གཏོགས་རྒྱལ་ཁབ་གཞན་པ་གཅིག་ཀྱང་མེད། མཐར་སུའུ་ལེན་ཡང་ཁ་འཐོར་ལ་སོང་ནས་མེད་པར་གྱུར་བས་དེ་ནས་བཟུང་ཁོ་ཚོ་འཛམ་གླིང་འདིའི་རྩོད་མེད་ཀྱི་སྟོབས་ལྡན་རྒྱལ་ཁབ་གཅིག་པུ་ལ་ཆགས་པ་ཡིན་ནོ།།


   དེ་ལྟར་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་ཁོ་ཚང་གིས་རང་གི་གོ་ཐོབ་བཟུང་བཞིན་འཛམ་གླིང་གི་ཉེན་རྟོག་པ་བྱས་ཤིང་ལྟོས་བཅས་ཀྱིས་བདེ་འཇགས་ལས་མི་བདེ་བ་ཆེན་པོ་མ་བྱུང་བ་རེད། ཡིན་ན་ཡང་དར་བའི་མཐའ་མ་རྒུད་ཟེར་བའི་དཔེ་བཞིན་ཉེ་བའི་ལོ་ཁ་ཤས་ནས་ཨ་རི་ཅུང་ཟད་མར་རྒུད་པའི་རྣམ་པ་མངོན། དེ་དང་ལྷན་དུ་རིམ་གྱིས་ཨུ་རུ་སུ་ཨ་རིའི་ཁ་གཏད་དུ་ལངས་པ་དང་རྒྱུ་མཚན་ནི་ཁོ་ཚོ་ལ་སྔོན་ཆད་སུའུ་ལེན་སྐབས་ཀྱི་སྙིང་ནད་ཡོད་པས་ཡིན། སུའུ་ལེན་ཁ་འཐོར་དུ་སོང་བ་ནི་ཨ་རིས་ངན་གཡོ་བྱས་པ་ཡིན་ཟེར་ལ་ཨུ་རུ་སུ་ནི་སུའུ་ལེན་ཁ་འཐོར་དུ་སོང་བའི་རྒྱལ་ཕྲན་དག་ལས་རྒྱལ་ཁབ་ཆེས་ཆེ་ཤོས་དེ་རེད།   


   གཞན་རང་རྒྱལ་གྱི་འཕེལ་རྒྱས་ཀྱང་ཨ་རིས་ཉེན་ཁ་ཞིག་ཏུ་འདོད་ལ་གལ་ཏེ་ཤར་ཕྱོགས་ཀྱི་གནའ་བོའི་རྒྱལ་ཁབ་ཆེན་མོ་འདི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ལ་ལོག་ན་ཁོ་ཚང་གི་གོ་ས་ལ་ཤན་ཤུགས་ཐེབས་རྒྱུ་ཡིན་པ་དང་མི་ལོ་མང་པོར་དཔོན་པོ་འཁྲབ་རྐྱང་བྱས་ནས་བསྡད་པའི་ཨ་རི་ལ་མཚོན་ན་མཇུག་འབྲས་དེ་ནི་ཧ་ཅང་དང་ལེན་དཀའ་བ་ཞིག་ཡིན་པ་རེད། དེ་དང་དེ་ལ་སོགས་ཀྱིས་འཛམ་གླིང་ཤར་ནུབ་བར་གྱི་འགལ་བ་ཇེ་ཆེར་སོང་ལ་འཛམ་གླིང་འཁྲུགས་ཆེན་གསུམ་པ་ཡོང་བའི་ཉེན་ཁ་ཡང་ཇེ་ཆེ་ཡིན་པ་རེད། མདོར་ན་དམངས་ཁྲོད་ཀྱི་གཏམ་དཔེ་ཞིག་ལ་ནགས་ཚལ་གཅིག་ལ་སྟག་མོ་གཉིས་མི་ཤོང་ཟེར་བ་ཞིག་ཡོད་པ་དེ་ནི་གནས་ལུགས་ཤིན་ཏུ་ཆེན་པོ་ཡོད་པའི་གཏམ་དཔེ་ཞིག་ཡིན་ནོ།


岭子藏文网站
ང་ཚོ་མཉམ་དུ་འཛོམས་པ་ནི། ལས་དབང་ཞིག་ཅི་ལ་མིན་ཨང་།
 最新文章