ཀྲུང་དབྱང་གི་གནོད་སེལ་དངོས་རྫས་བོད་ལྗོངས་ཡོམ་ཁུལ་དུ་འབྱོར།

文摘   2025-01-08 11:50   青海  


ཀྲུང་དབྱང་གི་གནོད་སེལ་དངོས་རྫས་སྐོར་ཁག་དང་པོ་བོད་ལྗོངས་ཀྱི་ས་ཡོམ་གནོད་ཁུལ་དུ་འབྱོར།


གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཚེས7ཉིན་གྱི་ཆུ་ཚོད22ཙམ་ལ། རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། འཕྲལ་བསྟུན་དོ་དམ་པུའུ། རྒྱལ་ཁབ་འབྲུ་རིགས་དང་གྲབས་གསོག་ཅུའུ་བཅས་ཀྱིས་བོད་ལྗོངས་ལ་མྱུར་དུ་རྩ་འཛུགས་དང་བཀོད་སྒྲིག་བྱས་པའི་རས་གུར་དང་སྲིང་བལ་གྱི་ལྭ་བ5800ལྷག་ཡོད་པའི་ཀྲུང་དབྱང་གི་གནོད་སེལ་དངོས་རྫས་སྐོར་དང་པོ་བོད་ལྗོངས་གཞིས་ཀ་རྩེ་དིང་རི་རྫོང་གི་ས་ཡོམ་གནོད་ཁུལ་དུ་སྐྱེལ་འདྲེན་བྱས་པ་དང་། དེ་མིན་ཀྲུང་དབྱང་གི་གནོད་སེལ་དངོས་རྫས་ཁྲི་གཅིག་དང་སྟོང་དྲུག་ལྷག་ཚེས8ཉིན་རིམ་བཞིན་གནོད་ཐེབས་ས་ཁུལ་དུ་ཐོན་རྒྱུ་རེད། དེ་དང་ཆབས་ཅིག འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་བསྟུན་དངོས་རྫས་མཐུན་སྦྱོར་འགན་སྲུང་ལམ་སྲོལ་མྱུར་དུ་འཛུགས་མགོ་བརྩམས་པ་དང་། གཅེས་སེམས་ཁེ་ལས་དང་འབྲེལ་ཡོད་ཐེབས་རྩ་ཚོགས་པས་རོགས་སྐྱོར་བྱས་པའི་འཕྲལ་བསྟུན་ཟས་རིགས་དང་། དྲོད་ལེན་ཐབ་ཀ གློག་གདན། ཞྭ་མོ། སྐེ་དཀྲིས། ལག་ཤུབས། དྲོད་སྲུང་གྱོན་ཆས་སོགས་འཚོ་བའི་རིགས་ཀྱི་གནོད་སེལ་དངོས་རྫས་ཀྱང་བསྟུད་མར་གནོད་ཐེབས་ས་ཁུལ་དུ་སྐྱེལ་བར་མཐུན་སྦྱོར་བྱས་ཏེ། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གནས་སྐབས་བཀོད་སྒྲིག་དང་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་ཡག་པོར་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས།

རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།

     རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།



青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章