རྒྱལ་ཁབ་འདིའི་མི་ཁྲི་1083ལྷག་ཙམ་ཡུལ་གྱར་བར་གྱུར་འདུག

文摘   2024-09-12 08:07   西藏  

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་9པའི་ཚེས་10ཉིན། རྒྱལ་སྤྱིའི་གནས་སྤོས་ཡུལ་མི་སྒྲིག་འཛུགས་ཀྱིས་སུའུ་ཏན་གྱི་གནས་བབ་སྐོར་ཡོངས་བསྒྲགས་བྱས་པའི་སྙན་ཞུ་གསར་ཤོས་ནང་། སུའུ་ཏན་གྱི་མངའ་ཁོངས་སུ་མིག་སྔར་ཡུལ་གྱར་དུ་སོང་བའི་མི་ཁྲི་1083ལྷག་ཙམ་ཡོད་པ་དང་། དེའི་ནང་ནས་མི་ཁྲི་806ཙམ་ནི་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་ཐོན་རྗེས་རང་ཁྱིམ་ནས་བྲོས་བྱོལ་དུ་ཕྱིན་པ་ཤ་སྟག་རེད་ཅེས་འཁོད་ཡོད། གཞན་ཡང་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་གི་རྐྱེན་ལས་མི་ཁྲི་234ལྷག་ཙམ་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཉེན་གཡོལ་བྱེད་པར་བསྐྱོད་ཡོད་པ་རེད། 

སྙན་ཞུའི་ནང་། སུའུ་ཏན་གྱི་མི་འབོར་བརྒྱ་ཆ་20ལྷག་ཙམ་ཡུལ་གྱར་དུ་གྱུར་བ་དང་། དེ་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཡུལ་གྱར་དུ་གྱུར་བའི་ཉམས་ཉེན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཡུལ་གྱར་བའི་མི་འབོར་བརྒྱ་ཆ་14ཙམ་སུའུ་ཏན་གྱི་མངའ་ཁོངས་སུ་ཡོད་ཅེས་འཁོད་ཡོད། 


སྙན་ཞུའི་ནང་། ད་དུང་སུའུ་ཏན་གྱི་མངའ་ཁོངས་ནང་གི་ཡུལ་གྱར་བ་གཙོ་བོ་ནི་རྒྱལ་ས་ཁར་ཐུམ་མངའ་སྡེ་དང་། དེ་བཞིན་ནུབ་རྒྱུད་ཀྱི་ཏའར་ཧྥུར་ས་ཁུལ་ནས་ཡིན་པ་དང་། མིག་སྔར་རྒྱལ་ཡོངས་ཀྱི་མངའ་སྡེ་18དུ་ཁྱབ་ཡོད་པ་དེའི་ནང་བརྒྱ་ཆ་52ནི་ལོ་18མན་གྱི་ན་སོ་དར་ལ་མ་བབས་པའི་མི་ཡིན་ཞེས་འཁོད་ཡོད།

2023ལོའི་ཟླ་4པའི་ཚེས་15ཉིན།   རྒྱལ་ས་ཁར་ཐུམ་དུ་སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་བར་དྲག་ཆས་གདོང་ཐུག་ཐོན་པ་དང་། དེ་རྗེས་ས་ཁུལ་གཞན་དག་ལ་ཁྱབ་ཡོད།   ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་ནང་མི་ཁྲི་2ལྷག་ཙམ་འདས་གྲོངས་སུ་ཕྱིན་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章