མིན་ཧོ་རྫོང་དུ་དྲག་ཆར་བབས་པས་མི3རྐྱེན་ལམ་དུ་ཤོར་བ་དང་མི1རྨས།

文摘   2024-09-05 07:01   西藏  

མཚོ་སྔོན་ཞིང་ཆེན་མིན་ཧོ་རྫོང་དུ་དྲག་ཆར་བབས་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་རྨས།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། རྒྱུན་མཐུད་ངང་དྲག་ཆར་བབས་པའི་རྐྱེན་གྱིས་ཟླ9པའི་ཚེས4ཉིན་གྱི་ཐོ་རེངས་ཆུ་ཚོད4ཡས་མས་སུ་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་རང་སྐྱོང་རྫོང་ཀྲོན་ཏོ་ཡུལ་ཚོའི་ཧོ་ན་གུག་སྡེ་བར་རི་ཉིལ་ནས་དམངས་ཀྱི་ཁང་པ་གཅིག་ཆུས་འཁུར་ལ། མི3རྐྱེན་ལམ་དུ་ཤོར་བ་དང་མི1ལ་རྨས་སྐྱོན་ཕོག་ཡོད།   གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མེ་ཟོན་དང་སྤྱི་བདེ་སོགས་སྡེ་ཁག་གིས་དུས་ཐོག་ཏུ་རོགས་སྐྱོབ་བྱས་པ་དང་། མིག་སྔར། ཡུལ་དངོས་ཀྱི་འདམ་ཆུ་གཙང་སེལ་བྱེད་པའི་བྱ་བ་སྤེལ་བཞིན་ཡོད་པ་དང་རྨས་སྐྱོན་ཕོག་མཁན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད།

ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章