ཧེ་ཊི་གྷི་རིན། ལོ་རྒྱུས་ནང་གི་བུད་མེད་སེར་སྣ་ཆེ་ཤོས།

文摘   2024-09-08 08:07   西藏  


ཧེ་ཊི་གྷི་རིན།  ལོ་རྒྱུས་ནང་གི་བུད་མེད་སེར་སྣ་ཆེ་ཤོས།
ཁོ་མོའི་རྒྱུ་ནོར་ནི་ཨ་སྒོར་ས་ཡ་2,300 ལྷག་ཡོད་པར་ཚོད་དཔག་བྱས་ཡོད། ཧེ་ཊི་གྷི་རིན་ནི་ཕྱི་ལོ་1835 ལོར་ཨ་རིར་སྐྱེས། ཁོ་མོ་ནི་ཚོང་པ་ཕྱུག་པོ་ཞིག་གི་བུ་མོ་གཅིག་པུ་ཡིན།
ཁོ་མོས་ཕ་ལས་ཨ་སྒོར་ས་ཡ་7.5 ཙམ་གྱི་རྒྱུ་ནོར་བརྒྱུད་འཛིན་བྱས། ལོ་ན་ཉེར་གཅིག་ལ་སླེབས་སྐབས། ཁོ་མོ་ནིའུ་ཡོཀ་ཏུ་སྤོས་ནས་ཝལ་སི་ཊིར་ཏུ་དངུལ་མ་འཇོག་བྱས་པ་དང་། ཝལ་སི་ཊིར་གྱི་སྡིག་མོ་ཞེས་འབོད།
ཁོ་མོས་རང་དང་འདྲ་བའི་ས་ཡ་བཟོ་པ་ཞིག་དང་གཉེན་སྒྲིག་བྱས་ཀྱང་། ད་དུང་ཚོང་ཁང་ནང་གི་བག་ལེབ་ལྷག་མ་དང་ཀོ་རེ་ཆག་པོ་བཟས་ནས་འཚོ་བ་སྐྱེལ་བ་དང་། ཉིན་ལྟར་ཁྱི་ལ་རུས་པ་རིན་མེད་རག་ཐབས་སུ་རྩོད་པ་བྱེད་ཀྱི་ཡོད།  ཧེ་ཊི་གྷི་རིན་ནི་ཧ་ཅང་སྡུག་བསྔལ་ཅན་གྱི་བུད་མེད་ཅིག་ཡིན། ལོ་ན་16 ཡིན་དུས་ནང་འཇུག་གི་གྱོན་པ་བཟོས་པ་དེ་ཤི་བའི་ཉིན་བར་དུ་མ་བརྗེས་པ་དང་གསར་པ་ཡང་མ་ཉོས།
ཁོ་མོས་སྒོར་མོ་གཅིག་ཀྱང་མ་བཏང་བས། ཁོ་མོས་ཆུ་ཚ་པོ་ནམ་ཡང་མ་བེད་སྤྱོད་བྱས་པ་དང་། གྱོན་པ་ནག་པོ་གཅིག་ཡོངས་སུ་རྙིང་པོར་མ་གྱུར་བར་དུ་མ་བརྗེས་པ། ཁོ་མོས་སྒོར་མོ་གཉིས་ཀྱི་རིན་པའི་པཱ་ལེབ་ཟ་བ་བཅས་བྱས་ཡོད་པར་བརྗོད།
ཧེ་ཊིས་རང་གི་བུའི་རྐང་པ་བཅད་དགོས་བྱུང་བའི་རྒྱུ་མཚན་ནི་ཁོའི་རྐང་པ་ཆག་སྐབས། ཁོ་མོས་སྨན་བཅོས་ཀྱི་འགྲོ་གྲོན་མ་བཏང་བར་རིན་མེད་ཀྱི་སྨན་བཅོས་འཚོལ་བཞིན་དུས་འགྱངས་བྱས་པ་རེད།
ཧེ་ཊི་གྷི་རིན་ནི་ཕྱི་ལོ་1916 ལོར་ལོ་ན་81 ལ་སོན་སྐབས་ནིའུ་ཡོཀ་གྲོང་ཁྱེར་དུ་འདས་གྲོངས་སུ་གྱུར་བ་དང་། "འཛམ་གླིང་ནང་གི་མི་སེར་སྣ་ཆེ་ཤོས" ཞེས་གྷི་ནི་སི་ཐོ་དེབ་ནང་འཁོད་ཡོད།
ཁོ་མོ་འདས་གྲོངས་སུ་གྱུར་བའི་རྒྱུ་མཚན་ནི་གཡོག་མོས་གླ་ཆ་ཉུང་ཉུང་དེར་སྤར་ཆ་དགོས་པའི་རེ་བ་བཏོན་པར་བརྟེན་ནས་རྩོད་གླེང་བྱུང་བ་ལ་བརྟེན་ནས་ཀླད་པར་ཁྲག་རྒྱས་པ་རེད།
ཁོ་མོ་འདས་གྲོངས་སུ་གྱུར་ནས་རྒྱུ་ནོར་ཧ་ཅང་མང་པོ་བཞག་ཡོད་པ་དང་། ཁོ་མོའི་ཕྲུ་གུ་ཚོས་ཁོ་མོའི་སེར་སྣའི་གོམས་གཤིས་མ་བརྒྱུད་པར་མ་ཟད། ཁོ་མོའི་བུ་མོས་རང་གི་དངུལ་གྱིས་རིན་མེད་སྨན་ཁང་ཞིག་བཞེངས་ཡོད།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章