མཚོ་སྔོན་ལ་གནམ་གཤིས་ཀྱི་ཟིན་ཐོ་ཡོད་ཚུན་གྱི་དྲག་ཆར་ཆེ་ཤོས་བབས་པ།

文摘   2024-09-06 08:05   西藏  

     ཚ་ཁུལ་ཕལ་པའི་མཐོ་གནོན་ཤར་ཕྱོགས་སུ་ཕྱིར་འཐེན་པ་དང་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་མཉམ་དུ་ཐེབས་པའི་དབང་གིས་ཟླ་9ཚེས་3ཉིན་གྱི་ཕྱི་དྲོ་ནས་བཟུང་། མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་སོགས་ས་ཁུལ་དུ་སྔ་རྗེས་སུ་དྲག་ཆར་བབས་པ་དང་ས་ཆ་ཆ་ཤས་སུ་དྲག་ཆར་ཆེན་པོ་བབས་ཡོད་པ་རེད། ཚེས་3ཉིན་གྱི་ཆུ་ཚོད་15ནས་ཚེས་4ཉིན་གྱི་ཆུ་ཚོད་15བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་7ཀྱིས་ཚད་ལེན་ཐུབ་པའི་ཆར་ཆུ་འབབ་ཚད་ཧའོ་སྨི་100ལས་བརྒལ་ནས་དྲག་ཆར་ཆེན་པོའི་ཚད་རིམ་དུ་སླེབས་པ་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་164ཡིས་ཚད་ལེན་ཐུབ་པའི་ཆར་ཆུ་འབབ་ཚད་ཧའོ་སྨི་50ལས་བརྒལ་ནས་དྲག་ཆར་གྱི་ཚད་རིམ་དུ་སླེབས་པ། གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་291གིས་ཚད་ལེན་ཐུབ་པའི་ཆར་ཆུ་འབབ་ཚད་ཧའོ་སྨི་25ལས་བརྒལ་ནས་ཆར་པ་ཆེན་པོའི་ཚད་རིམ་དུ་སླེབས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ནང་ནས་རྟ་ཐང་དུ་ཆར་པ་མང་ཤོས་བབས་ཡོད་པ་དང་ཧའོ་སྨི་76.3ཟིན་ཡོད།

     ཐེངས་འདིའི་ཆར་ཆུ་འབབ་ཚད་ཆེ་བ་དང་ཤུགས་རྐྱེན་ཐེབས་རྒྱ་ཆེ་བ། རྒྱུན་མཐུད་དུས་ཡུན་རིང་བ་བཅས་ནི་མཚོ་སྔོན་ཞིང་ཆེན་དུ་གནམ་གཤིས་ཀྱི་ཟིན་ཐོ(1954ལོ)ཡོད་ཚུན་ཆར་ཆུ་འབབ་མང་ཤོས་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། དེར་ཐལ་དྲགས་པའི་རང་བཞིན་དང་གནོད་འཚེ་བཟོ་བའི་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章