ཆུ་ལོག་གི་གནོད་འཚེའི་ཁྲོད་མི་177རྐྱེན་ལམ་དུ་ཤོར་འདུག

文摘   2024-09-03 08:22   西藏  

  ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན། སུའུ་ཏན་འཕྲོད་བསྟེན་པུས་སུའུ་ཏན་དུ་ཉེ་དུས་མངའ་སྡེ་11ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་ཁྱིམ་ཚང་ཁྲི་4ཙམ་གྱི་མི་ཁྲི་17.6ལྷག་ཙམ་ལ་གནོད་འཚེ་ཚབས་ཆེན་ཕོག་ནས་མི་177རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་ཁྲི་3.3ལས་བརྒལ་བའི་ཆ་ཤས་སམ་ཡང་ན་རྦད་དེ་བརྡིབས་པའི་ཁྱབ་བསྒྲགས་བྱས་པ་རེད།

   སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་དྲག་ཆར་དང་ཆུ་ལོག་གི་དབང་གིས་སུའུ་ཏན་གྱི་རིམས་ནད་ཀྱང་ཇེ་དྲག་ཏུ་སོང་བ་དང་། ད་ལྟ་སྐྱུག་བཤལ་གྱི་ནད་དཔེ་2583བྱུང་ཚུལ་སྙན་སེང་ཞུས་པ་དེའི་ནང་ནད་དཔེ་98ཤི་བ་རེད། རིམས་ནད་བྱུང་ཚུལ་ལ་དམིགས་ནས། འཕྲོད་བསྟེན་པུའུ་ཡིས་ཛ་དྲག་ཆེ་བའི་ཁ་གཏད་འཇལ་བའི་འཆར་གཞི་བཟོས་པ་མ་ཟད་ཐེ་གཏོགས་བྱེད་ཐབས་ཀྱང་སྤྱད་ཡོད།

   སུའུ་ཏན་གྱི་ཆར་དུས་ནི་སྤྱིར་ན་ཟླ་7པ་ནས་འགོ་ཚུགས་ཏེ་ཟླ་9པ་དང་ཟླ་10པའི་བར་རྒྱུན་མཐུད་བྱེད་པ་དེའི་རིང་ཆར་ཆུ་འབབ་ཚད་མང་དུ་ཕྱིན་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章