སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་བཏང་ཆོག་གམ།

文摘   2024-08-25 10:13   西藏  


སྙོར་སྐྱོང་གྲོན་དངུལ་བསྐྱར་དུ་ཇེ་མཐོར་གཏང་དགོས་པའི་རེ་བ་གདོན་ཆོག་གམ།


བློ་མཐུན་རྩོམ་སྒྲིག་པ་ལགས།

ལོ་འགའི་སྔོན་དུ། ངའི་ཕ་མ་གཉིས་ཀའི་བརྩེ་དུང་ལ་གས་ཆག་ཤོར་ཏེ་གཉེར་འཐོར་མི་བྱེད་ཐབས་མེད་དུ་གྱུར་བས། ང་རང་ཨ་མ་དང་མཉམ་དུ་འཚོ་བ་རོལ་རྒྱུ་དང་ཨ་ཕས་ངའི་འཚོ་བའི་གྲོན་དངུལ་དང་སློབ་གསོའི་གྲོན་དངུལ་སྟེར་བའི་འགན་འཁུར་རྒྱུ་ལས་གཞན། ད་དུང་སྙོར་སྐྱོང་གྲོན་དངུལ་ང་སློབ་ཆེན་མཐར་ཕྱིན་ནས་བྱ་བ་རེག་པའི་བར་དུ་ཟླ་རེར་སྟེར་དགོས་པའི་ཁ་ཆད་བཞག དེའི་སྐབས་སུ་ང་མཐོ་འབྲིང་འགྲིམ་བཞིན་ཡོད་པས་འགྲོ་སོང་རིགས་གང་གི་ཕྱོགས་ནས་ཀྱང་ཤིན་ཏུ་ཉུང་། ཡིན་ན་ཡང་ངས་ད་ལོར་ནང་ལོགས་ཀྱི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་ཅིང་ལོ་རེའི་སློབ་ཡོན་སྒོར་ཁྲི1ལྷག་དགོས་པའི་ཁར། སྡོད་ཁང་གླ་ཡོན་དང་འཚོ་བའི་གྲོན་དངུལ་སོགས་འགྲོ་སྒོ་ཤིན་ཏུ་ཆེ་བས། ཕ་མ་གཉིས་ཀ་གཉེན་འཐོར་བྱེད་པའི་སྐབས་སུ་ཐག་བཅད་པའི་སྙོར་སྐྱོང་གྲོན་དངུལ་ལྟར་ཡིན་ན། ང་སློབ་ཆེན་དུ་བདེ་བླག་ངང་མཐར་ཕྱིན་ཐབས་བྲལ། ཡིན་ན་ཡང་ངས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་འདོར་མི་འདོད་པ་དང་སློབ་ཆེན་གྱི་སྒོ་ཐེམ་བདེ་བླག་ངང་འགྲིམ་ཆེད། ཨ་ཕར་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏང་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ཨ་ཕས་ཁོའི་ཆ་རྐྱེན་དེ་འདྲའི་བཟང་རྒྱུ་མེད་པས་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏོང་བའི་ནུས་པ་མེད་པར་མ་ཟད། གཉེན་འཐོར་བྱེད་སྐབས་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏོང་བའི་སྐོར་གྱི་ཁ་ཆད་ཅི་ཡང་བཞག་མེད་ཚུལ་བཤད་དེ་གཏན་ནས་དང་ལེན་མ་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ང་ལ་ཨ་ཕར་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏང་དགོས་པའི་རེ་བ་གདོན་དབང་ཡོད་དམ།

ཞེས་སྐྱབས་ལོ་ཡིས།


བློ་མཐུན་སྐྱབས་ལོ་ལགས།

གྱོད་དོན་འདི་འཚོ་བའི་མ་རྩ་ཇེ་མཐོར་སོང་བས་བུ་ཕྲུག་གིས་སློབ་སྦྱོང་དང་འཚོ་བའི་ཆེད་དུ། གཉེན་འཐོར་ཕ་མར་འཚོ་བའི་གྲོན་དངུལ་ཇེ་མཐོར་གཏང་དགོས་པའི་རེ་བ་བཏོན་ཆོག་མིན་གྱི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1085པའི་གཏན་འཁེལ་ལྟར་ན། “བཟའ་ཚང་ཁ་བྲལ་རྗེས། ཕྲུ་གུ་ཕྱོགས་གཅིག་གིས་ཐད་ཀར་སྙོར་སྐྱོང་བྱས་ན། ཕྱོགས་ཅིག་ཤོས་ཀྱིས་སྙོར་སྐྱོང་གྲོན་དངུལ་ཆ་ཤས་སམ་ཡོངས་རྫོགས་སྤྲོད་འགན་འཁུར་དགོས། གྲོན་དངུལ་གྱི་མང་ཉུང་དང་དུས་ཡུན་རིང་ཐུང་ནི་ཕྱོགས་གཉིས་ཀས་གྲོས་མཐུན་འཇོག་དགོས། གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏང་དགོས། གོང་གསལ་ནང་གསེས་དོན་ཚན་ནང་གཏན་འཁེལ་བྱས་པའི་གྲོས་མཐུན་ནམ་དཔྱད་མཚམས་ཀྱིས་དགོས་ངེས་སྐབས་སུ། བུ་ཕྲུག་གིས་ཕ་མ་གང་རུང་ལ་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་དོན་སྔར་གཏན་འཁེལ་བྱས་པའི་གྲངས་འབོར་ལས་བརྒལ་བའི་ལུགས་མཐུན་གྱི་རེ་འདུན་ཞུས་པར་འགལ་རྐྱེན་མི་ཡོང”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཕ་མ་གཉིས་ཀ་གཉེན་འཐོར་སྐབས། ཁྱོད་རང་མཐོ་འབྲིང་འགྲིམ་བཞིན་ཡོད་པས། འཚོ་བའི་གྲོན་དངུལ་རིགས་ཕྱོགས་གང་ཅིའི་ཐད་ཀྱི་འགྲོ་སོང་ཅུང་ཉུང་བ་རེད། ཡིན་ན་ཡང་ཁྱོད་ས་ཆ་གཞན་དུ་སློབ་ཆེན་ལ་འགྲོ་དགོས་པས། སློབ་ཡོན་དང་འཚོ་བའི་གྲོན་དངུལ་སོགས་ཀྱི་འགྲོ་སོང་ཚང་མ་མཐོ་འབྲིང་དང་བསྡུར་ན་མང་བ་དང་།ཁྱོ ད་ཀྱི་ཨ་ཕས་རང་ཉིད་ཀྱི་ཆ་རྐྱེན་དེ་འདྲིའི་བཟང་རྒྱུ་མེད་པ་དང་གཉེན་འཐོར་སྐབས། སྙོར་སྐྱོང་གྲོན་དངུལ་ཁ་སྣོན་བྱེད་པའི་སྐོར་ཁ་ཆད་ཅི་ཡང་བཞག་མེད་པར་རྐྱེན་བྱས་ཏེ། འཚོ་བའི་གྲོན་དངུལ་ཇེ་མཐོར་གཏང་རྒྱུ་དང་ལེན་མ་བྱས་པ་ནི་གནས་ལུགས་དང་མི་མཐུན་པ་ཞིག་རེད། རྒྱུ་མཚན་ནི་གཉེན་འཐོར་སྐབས། ཨ་ཕས་ཁྱོད་ཀྱི་འཚོ་བའི་གྲོན་དངུལ་དང་སློབ་གསོའི་གྲོན་དངུལ་སློབ་ཆེན་མཐར་ཕྱིན་ནས་བྱ་བ་རེག་པའི་བར་དུ་འགན་འཁུར་རྒྱུའི་ཁ་ཆད་བཞག་པར་ཡིད་འཐད་བྱུང་ཡོད་པས། ཁྱོད་ཀྱི་ཨ་ཕས་ངེས་པར་རང་ཉིད་ཀྱི་འོས་འགན་ལག་ཏུ་བསྟར་དགོས་ཏེ། ཁྱོད་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་སྙོར་སྐྱོང་གྲོན་དངུལ་ཇེ་མཐོར་གཏང་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章