ཕ་ལེ་སི་ཐན་གྱི་བྱིས་པ་ཁྲི་1.1ལྷག་གདོང་ཐུག་འདིའི་ཁྲོད་གྲོངས་པ།

文摘   2024-09-11 07:14   西藏  

     ཕ་ལེ་སི་ཐན་སློབ་གསོ་པུས་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་9ཉིན་བསྟན་དོན། ད་ལོའི་ཟླ་8པའི་ཟླ་མཇུག་བར་སླེབས་དུས། ཕ་ལེ་སི་ཐན་གྱི་སློབ་ལོ་ལོན་པའི་བྱིས་པ་11500ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བྱིས་པ་ཁྲི་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་པ་དང་། དབང་པོ་སྐྱོན་ཅན་དུ་གྱུར་བ། སེམས་ཁམས་ལ་ཕོག་ཐུག་བཏང་ཡོད། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ད་དུང་སློབ་གྲྭ་དང་སྲིད་འཛིན་ཐོག་བརྩེགས་ཁང་ཆེན་བཅུ་ཕྲག་ལྷག་ལ་འཇབ་རྒོལ་བྱས་པའི་རྐྱེན་གྱིས། དེའི་ནང་གི་ཁང་པ་92%བེད་སྤྱོད་བྱེད་ཐབས་བྲལ་བར་གྱུར་ཡོད། 


     ན་ནིང་གི་ཟླ་10པ་ནས་བཟུང་། དབྱི་སི་རལ་གྱིས་ཀ་ཧྲར་འཇབ་རྒོལ་བྱས་པའི་ནང་སློབ་གསོའི་འབྲེལ་ཡོད་ལས་དོན་མི་སྣ་750ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་ཕྲག་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章