མི་གཤིས་དབང་ཆ་ལ་ངོ་བོའི་ཆ་ནས་དབྱེ་ན་གང་དག་ཡོད།

文摘   2024-08-26 10:17   西藏  
མི་གཤིས་དབང་ཆ་ལ་ངོ་བོའི་ཆ་ནས་དབྱེ་ན་གང་དག་ཡོད།

མི་གཤིས་དབང་ཆའི་ངོ་བོ་ཞེས་པ་ནི་མི་གཤིས་དབང་ཆ་དེ་དམངས་དོན་དབང་ཆ་ཞིག་ཡིན་པའི་ངོས་ནས་ལྡན་པའི་ངོ་བོ་ལ་ཟེར།

དང་པོ། མི་གཤིས་དབང་ཆ་ནི་ཁྲིམས་བཀོད་ཀྱི་དབང་ཆ་ཞིག་ཡིན།

(1)མི་གཤིས་དབང་ཆའི་རིགས་ལ་ཁྲིམས་མཐུན་རང་བཞིན་ལྡན་པ། མི་གཤིས་དབང་ཆ་ནི་གཞི་རྩའི་དམངས་དོན་གྱི་དབང་ཆ་ཡིན་པའི་ཆ་ནས། དེའི་བྱེ་བྲག་གི་རིགས་ནི་ངེས་པར་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱ་དགོས།

(2)མི་གཤིས་དབང་ཆའི་ནང་དོན་ལ་ཁྲིམས་མཐུན་རང་བཞིན་ལྡན་པ། མི་གཤིས་དབང་ཆ་རེ་རེའི་ནང་དོན་དང་ནུས་པ་ཞིབ་ཕྲ་ཚང་མ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱ་དགོས།    

(3)མི་གཤིས་ཁེ་ཕན་སྲུང་སྐྱོང་བྱེད་པར་ཁྲིམས་མཐུན་རང་བཞིན་ལྡན་པ། མི་གཤིས་ཁེ་དབང་ཁྲིམས་བཀོད་བྱས་ཚེ་མི་གཤིས་ཁེ་དབང་ཕུད་པའི་མི་གཤིས་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་མི་ཕུད། མི་གཤིས་ཁེ་དབང་ཕུད་པའི་མི་གཤིས་ཁེ་ཕན་ལ་སྔར་བཞིན་མི་གཤིས་ཁེ་དབང་སྤྱིར་བཏང་གི་དོན་ཚན་གྱིས་སྲུང་སྐྱོང་བྱེད་པ་ཡིན།

(4)མི་གཤིས་དབང་ཆར་གནོད་འཚེ་ཕོག་པའི་རྒུད་སྐྱོབ་བྱེད་སྟངས་ལ་ཁྲིམས་མཐུན་རང་བཞིན་ལྡན་པ།    

གཉིས་པ། མི་གཤིས་དབང་ཆ་ནི་སྒེར་གྱི་དབང་ཆ་ཞིག་ཡིན། རང་རྒྱལ་གྱི་རྩ་ཁྲིམས་ལ་ཐད་ཀར་བཀོལ་སྤྱོད་བྱེད་པའི་ནུས་པ་མེད། དམངས་དོན་ཁྲིམས་གཞུང་བརྒྱུད་དེ་མི་གཤིས་ཀྱི་དབང་ཆ་དེ་དམངས་དོན་གྱི་ཁེ་དབང་དུ་བསྒྱུར་ན་ད་གཟོད་དམངས་དོན་རྒུད་སྐྱོབ་ཐོབ་ཐུབ། དམངས་དོན་ཁྲིམས་གཞུང་ཐོག་གི་མི་གཤིས་དབང་ཆ་ཚད་ལྡན་དུ་གཏོང་བ་ནི་དམངས་དོན་བྱེད་པོ་བར་གྱི་བཅའ་ཁྲིམས་འབྲེལ་བ་ཡིན།    

གསུམ་པ། མི་གཤིས་དབང་ཆ་ནི་གཙོ་བོ་བསམ་པའི་རང་བཞིན་གྱི་དབང་ཆ་ཡིན། གསང་བ་དང་། མིང་གྲགས། འདྲ་པར་སོགས་ཚང་མ་མི་སྒེར་གྱི་མི་གཤིས་ལ་རྒྱ་དང་མི་གཤིས་འཕེལ་རྒྱས་དང་འབྲེལ་བ་མེད་པས། དེ་ནི་སྤྱིར་བཏང་གི་རྒྱུ་ནོར་ཁེ་དབང་དང་མི་འདྲ།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།


多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章