མི་གཞན་གྱི་ལུས་པོའི་གསང་གནས་པར་ལེན་པའམ་ལྐོག་ལྟ་བྱས་ཆོག་གམ།

文摘   2024-09-02 08:49   西藏  

མི་གཞན་གྱི་ལུས་པོའི་གསང་གནས་པར་ལེན་པའམ་ལྐོག་ལྟ་བྱས་ཆོག་གམ།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1033པའི་གཏན་འཁེལ་ལྟར་ན། བཅའ་ཁྲིམས་ནང་གཏན་འཁེལ་ལོགས་སུ་བྱས་ཡོད་པའམ་ཁེ་དབང་ཡོད་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་དང་མི་སྒེར་སུ་ཞིག་་གིས་ཀྱང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།

མི་སྒེར་གྱི་གསང་གནས་ནི་གསང་བའི་དབང་ཆའི་སྲུང་སྐྱོང་ཁྱབ་ཁོངས་སུ་གཏོགས་པས། བཅའ་ཁྲིམས་ཀྱིས་མི་གཞན་གྱི་ལུས་པོའི་གསང་གནས་པར་ལེན་པ་དང་ལྐོག་ལྟ་གཏན་ནས་བྱས་མི་ཆོག དཔེར་ན། མི་གཞན་ལ་ཁྲུས་བྱེད་པ་དང་གསང་སྤྱོད་ལ་འགྲོ་བར་ཁ་གཡར་ཏེ། རྒྱང་ཤེལ་དང་མདོ་རིང་ཤེལ་མགོ་སོགས་སྤྱད་ནས་མི་གཞན་གྱི་ལུས་པོའི་གསང་གནས་ལ་ལྐོག་ལྟ་བྱས་ན། མི་གཞན་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་བ་ཡིན།

ཆོག་མཆན་མ་ཐོབ་པར་རང་དགར་གྱིས་མི་གཞན་གྱི་ལུས་པོའི་གསང་བ་ཁྲོམ་བསྒྲགས་བྱས་ན། མི་གཞན་གྱི་གསང་དོན་དབང་ཆར་གནོད་འཚེ་བཏང་བ་ཡིན། དཔེར་ན། དབང་ཡོད་མཁན་གྱི་མིས་མོས་མཐུན་བརྒྱུད་དེ་མི་གཞན་གྱི་གསང་གནས་འདྲ་པར་ཡོངས་བསྒྲགས་བྱས་ཀྱང་གསང་དོན་དབང་ཆར་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས། དངུལ་བུན་གཏོང་མཁན་དྲ་རྒྱ་ཀུང་སིས་ཁྲིམས་འགལ་གྱིས་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་རྣམས་ལ་གྲངས་ཉུང་དངུལ་བུན་གཏོང་བ་དང་། དངུལ་བུན་གཏོང་སྐབས་དངུལ་བུན་གཡར་མཁན་གྱི་དངུལ་བྱང་དང་ཐོབ་ཐང་ལག་ཁྱེར་སོགས་འདྲ་པར་དུ་བླངས་ནས་ཁྱེར་ནའང་ཁྲིམས་འགལ་ཡིན། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ལུས་པོའི་གསང་དོན་ཁྱབ་བསྒྲགས་བྱེད་པར་འཐད་པ་བྱུང་ནའང་། འཐད་པ་བྱུང་བའི་བྱ་སྤྱོད་དེ་སྤྱི་བའི་སྒྲིག་སྲོལ་བཟང་པོ་དང་འགལ་ན་ཡིད་འཐད་ཡིན་རུང་བཅའ་ཁྲིམས་ཀྱི་ནུས་པ་མེད་པར་ངོས་འཛིན་བྱ་དགོས། གལ་ཏེ་གཅེར་བུའི་པར་བླངས་ནས་ཡོངས་བསྒྲགས་བྱས་ཡོད་ཚེ་སྔར་བཞིན་མི་གཞན་གྱི་གསང་དོན་དབང་ཆར་གནོད་འཚེ་བཏང་བ་ལྟར་ཐག་གཅོད་བྱ་དགོས།  

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章