རྩེ་གྲ། ཀླད་པའི་ནང་གི་རྣག་འདོན་པའི་གཤགས་བཅོས་ལེགས་འགྲུབ་བྱུང་བ།

文摘   2024-09-15 07:30   西藏  

ཉེ་དུས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩ་ཕྱི་བཅོས་ཚོགས་པས་ལྗོངས་ཡོངས་ཀྱི་འཕྲུལ་མིས་རོགས་སྐྱོར་བྱས་ནས་

དབང་རྩའི་ཕྱི་བཅོས་གཤགས་བཅོས་ཐོག་མ་དེ་ལེགས་འགྲུབ་བྱུང་ཞིང་། དེ་ནི་ལྗོངས་ཡོངས་སུ་འཕྲུལ་མིས་ན་ཚའི་གནས་ཡུལ་

གཏན་འཁེལ་གནད་ལ་འཕིགས་པོ་བྱས་རྗེས་དབང་རྩའི་ཕྱི་བཅོས་གཤགས་བཅོས་བྱས་པ་ཞིག་རེད།  

近日,自治区人民医院神经外科团队成功完成了全区首例机器人辅助神经外科手术,这也是在全区率先开展的机器人精准定位下进行的神经外科手术。

ནད་པ་ནི་ལོ་༩ལ་སླེབས་པའི་བུ་མོ་ཞིག་ཡིན་ཞིང་། མཚམས་མཚམས་ལ་མགོ་ན་བ་དང་ལུས་པོའི་གཞོགས་གཡོན་མའི་ལུས་སྟོད་འགུལ་སྐྱོད་བྱ་རྒྱུར་འགོག་རྐྱེན་བྱུང་ཡོད། སྨན་ཁང་དུ་སྨན་བཅོས་བྱས་པར་ཡོང་རྗེས་ཉིང་རྡུལ་གློག་པར་བརྒྱབ་ནས་བརྟག་དཔྱད་བྱས་ཏེ་ཀླད་པའི་ནང་དུ་གནས་མང་པོར་རྣག་ཡོད་པ་ཤེས་རྟོགས་བྱུང་ཡོད། དབང་རྩའི་ཕྱི་བཅོས་ཚོགས་པས་ནད་གཞིའི་སྨན་བཅོས་བྱ་ཐབས་གྲོས་བསྡུར་དང་། ནད་པའི་ནང་མིར་སྐད་ཆ་ཐེངས་མང་དྲིས་ནས་མོས་མཐུན་ཐོབ་རྗེས། ལུས་ཡོངས་སུ་སྦྲིད་སྨན་བརྒྱབ་རྗེས་འཕྲུལ་མིས་སྦུག་ལམ་བརྒྱུད་ནས་ཀླད་པའི་ནང་གི་རྣག་མར་འདོན་པའི་གཤགས་བཅོས་བྱས་ཡོད། རིག་ནུས་ལས་རོགས་འདིའི་རོགས་རམ་ཡོད་རྗེས་གཤགས་བཅོས་བྱེད་པའི་དུས་ཚོད་ཇེ་ཉུང་དུ་སོང་བ་དང་། གཤགས་བཅོས་བྱེད་པའི་བརྒྱུད་རིམ་ཧ་ཅང་བདེ་བླག་བྱུང་བར་མ་ཟད། གཤགས་བཅོས་བྱས་རྗེས་རྣག་མང་ཆེ་བ་མར་འདོན་ཐུབ་ཡོད། ད་ཆ་ནད་པ་དྲག་སྐྱེད་ཡག་པོ་བྱུང་ཡོད། 

མིག་སྔར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གིས་འཕྲུལ་མི་བེད་སྤྱད་ནས་ཀླད་པའི་ནང་ཁྲག་རྣག་ཡོད་ས་གཏན་འཁེལ་བྱས་ནས་དེ་དག་མར་འདོན་པ་དང་། གཤགས་བཅོས་བྱེད་པའི་ཁྲོད་སྐྲན་གྱི་གནས་ཡུལ་བརྟགས་པ་སོགས་ཀྱི་གཤགས་བཅོས་ཁག་མང་པོ་ལེགས་འགྲུབ་བྱུང་ཡོད། 

患者为9岁女孩,出现间断头痛并左侧上肢活动障碍,到医院就诊,磁共振检查发现脑内多发占位,诊断为脓肿。神经外科团队讨论病例,与患者家属反复沟通并征得同意后,决定开展全麻下在睿米机器人下软通道脑内多发脓肿穿刺引流术。有了这位“智能助手”的帮忙,大大缩短了手术时间,手术过程非常顺利,术后脓肿大部分引出。目前,患者体征平稳,恢复良好。

目前,自治区人民医院神经外科已经利用机器人完成脑内血肿定位穿刺引流,术中肿瘤定位等多项手术。

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

来源 | 西藏自治区人民医院

译文 | 阳光西藏

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章