གནས་ཚུལ་ག་འདྲའི་འོག་རྒྱུ་ནོར་བགོ་རྒྱུའི་རེ་འདུན་ཞུས་ཆོག

文摘   2024-08-31 09:51   西藏  
གནས་ཚུལ་ག་འདྲའི་འོག་ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་ཆོག






ང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་འབྲེལ་བ་གནས་པའི་སྐབས་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཁྱོ་ཤུག་ཕྱོགས་གཅིག་གིས་མི་དམངས་ཁྲིམས་ཁང་ལ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་རེ་འདུན་ཞུས་ཆོག་པ་སྟེ།
(གཅིག) ཕྱོགས་གཅིག་ལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་སྦས་སྐུང་དང་སྤོ་སྒྱུར། འཚོང་སྒྱུར། གཏོར་བརླག་གཏོང་བ། བག་མེད་ལོངས་སྤྱོད་བྱེད་པའམ་ཁྱོ་ཤུག་ཐུན་མོང་གི་བུ་ལོན་རྫུན་བཟོ་བྱེད་པ་སོགས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་བྱ་སྤྱོད་ཀྱི་རིགས།
(གཉིས) ཕྱོགས་གཅིག་ལ་ཁྲིམས་བཀོད་ཀྱི་གསོ་སྐྱོང་འོས་འགན་ཡོད་པའི་མི་ལ་ནད་གཞི་ཚབས་ཆེན་ཕོག་ནས་སྨན་བཅོས་བྱ་དགོས་པ་དང་། ཕྱོགས་གཞན་དེས་འབྲེལ་ཡོད་ཀྱི་སྨན་བཅོས་འགྲོ་གྲོན་སྤྲོད་པར་མོས་མཐུན་མི་བྱེད་པ་བཅས་ཡིན།



མཁའ་འབུམ་རྒྱལ་གྱིས་བསྒྱུར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章