འགྲིམ་འགྲུལ་གནས་ཚུལ་འདི་རིགས་ལ་འགན་སུས་འཁུར་དགོས་སམ།

文摘   2024-08-29 09:10   西藏  

  འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་དང་། རླངས་འཁོར་འཇོག་ས། གནས་སྐབས་རླངས་འཁོར་འཇོག་ས་སོགས་སུ་འཕྲུལ་སྒུལ་འཁོར་རིགས་སྐྱོད་སྐབས། སྔོན་ནས་མྱུར་ཚད་དལ་དུ་བཏང་ནས་རླངས་འཁོར་ཁ་བཀག་སྟེ་འཁོར་རིགས་གཞན་དག་དང་རྒྱ་ལམ་འགྲུལ་པ་སྔོན་ལ་གཏོང་དགོས། དེ་རིང་ང་ཚོས་གྱོད་དཔེ་ཞིག་དྲངས་ནས་དེའི་སྐོར་རགས་ཙམ་ཤོད་རྒྱུ་ཡིན།


 གྱོད་གཞིའི་གནས་ཚུལ། 

    2024ལོའི་ཟླ་5ཚེས་28ཉིན། ཀའོ་ཆེ་གེ་མོས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་བཏང་ནས་ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ནུབ་ལམ་བརྒྱུད་ཤར་ཕྱོགས་སུ་བསྐྱོད་པ་དང“ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང”མདུན་གྱི་ལམ་དུམ་ནས་གཞོགས་གཡས་སུ་ཁ་གཅུས་སྐབས་ལམ་དུམ་དེའི་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་དུ་ཝུའུ་ཆེ་གེ་མོས་བཏང་བའི་འཁོར་གཉིས་སྦག་སྦག་དང་རྡུང་ཁ་ཤོར་ནས་ཝུའུ་ཆེ་གེ་མོར་རྨས་སྐྱོན་ཕོག་པ་དང་སྦག་སྦག་ལའང་ཆག་སྐྱོན་བྱུང་བ་རེད། 









འགན་འཁྲི་གཏན་འཁེལ།




    ཀའོ་ཆེ་གེ་མོའི་བྱེད་སྤྱོད་དེ《བོད་རང་སྐྱོང་ལྗོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》གི་དོན་ཚན་བཞི་བཅུ་པའི་ནང་གསེས་གསུམ་པ་སྟེ།“འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་དང་། མི་འགྲོ་སའི་ལམ། རླངས་འཁོར་འཇོག་ས་བཅས་སམ་ཡང་ན་གནས་སྐབས་རླངས་འཁོར་འཇོག་ས་ནས་འཕྲུལ་སྒུལ་འཁོར་རིགས་སྐྱོད་སྐབས་རླངས་འཁོར་གཞན་དག་དང་རྒྱ་ལམ་འགྲུལ་པ་རྒྱུན་ལྡན་ངང་འགྲོ་འོང་བྱེད་པར་འགོག་རྐྱེན་བཟོ་མི་ཆོག་པའི”གཏན་འབེབས་ལས་འགལ་ཡོད།
     ཝུའུ་ཆེ་གེ་མོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དགུ་པའི་ནང་གསེས་བཞི་པ་སྟེ།“ཁ་ལོ་བས་ཁ་ལོ་བའི་ལག་ཁྱེར་ནང་ཁ་གསལ་བཀོད་པའི་རླངས་འཁོར་གང་དག་གཏོང་ཆོག་མིན་ལྟར་རླངས་འཁོར་གཏོང་དགོས”ཞེས་པ་དང་། དོན་ཚན་སོ་དྲུག་པའི་ནང་གསེས་དང་པོ་སྟེ།“འགྲོ་ལམ་གྱི་ཆ་རྐྱེན་དང་འགྲོ་སྐྱོད་ཀྱི་དགོས་མཁོར་གཞིགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་ལམ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ། མི་འགྲོ་སའི་ལམ་བཅས་སུ་དབྱེ་ཡོད་པས་འཕྲུལ་སྒུལ་འཁོར་རིགས་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། རྒྱ་ལམ་འགྲུལ་པ་བཅས་ཀྱིས་སོ་སོའི་ལམ་ལ་ཡག་པོ་འགྲོ་དགོས་པའི”གཏན་འབེབས་ལས་འགལ་ཡོད། འགྲོ་ལམ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན།  ཀའོ་ཆེ་གེ་མོས་དོན་རྐྱེན་འདིའི་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཝུའུ་ཆེ་གེ་མོས་དོན་རྐྱེན་འདིའི་འགན་འཁྲི་ཕལ་པ་འཁུར་དགོས་པ་གཏན་འཁེལ་བྱས་ཡོད།
    འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་འཁོར་ལམ་ནས་སྐྱོད་སྐབས་ཁ་ལོ་བས་རླངས་འཁོར་ཁ་བཀག་ནས་འཁོར་རིགས་གཞན་དག་དང་རྒྱ་ལམ་འགྲུལ་པ་སྔོན་ལ་གཏོང་དགོས་པ་ཕུད། “གུས་ལུགས་ཀྱིས་གཞན་སྔོན་ལ་གཏོང་བའི་སྒྲིག་སྲོལ”འདི་དག་ཀྱང་ངེས་པར་དུ་ཤེས་དགོས་པ་སྟེ། 

01

མཚོན་རྟགས་ཡོད་ཕྱིན་དེ་ལ་བརྩི་སྲུང་ཞུ་དགོས། 



     མྱུར་ཚད་དལ་དུ་གཏོང་དགོས་པའི་མཚོན་རྟགས་ཡོད་ཚེ། སྔོན་ལ་སྐྱོད་ཆོག་པའི་ཕྱོགས་དེ་སྔོན་ལ་གཏོང་དགོས། 

02

ཐད་ཀར་འགྲོ་མཁན་གྱིས་གཡས་ཕྱོགས་ཀྱི་རླངས་འཁོར་སྔོན་ལ་གཏོང་དགོས།

    


    འགྲིམ་འགྲུལ་གྱི་མཚོན་རྟགས་དང་ཐིག་མེད་པའི་སར། ལམ་མདོར་མ་འཛུལ་སྔོན་ལ་རླངས་འཁོར་ཁ་བཀག་ནས་གཡས་ཕྱོགས་ནས་ཡོང་མཁན་རླངས་འཁོར་སྔོན་ལ་གཏོང་དགོས། 


03

ཁ་གཅུས་མཁན་གྱིས་ཐད་ཀར་འགྲོ་མཁན་སྔོན་ལ་གཏོང་དགོས། 

    


    ཁ་གཅུས་དགོས་པའི་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཐད་ཀར་འགྲོ་མཁན་རླངས་འཁོར་དང་རྒྱ་ལམ་འགྲུལ་པ་སྔོན་ལ་གཏོང་དགོས། 


04

གཡས་ལ་ཁ་གཅུས་མཁན་གྱིས་གཡོན་ལ་སྐྱོད་མཁན་སྔོན་ལ་གཏོང་དགོས། 

    



    ཕྱོགས་གཅིག་ལ་སྐྱོད་མཁན་འཕྲུལ་སྒུལ་འཁོར་རིགས་ཡིན་ཚེ། གཞོགས་གཡས་ལ་ཁ་གཅུས་མཁན་གྱིས་གཞོགས་གཡོན་ལ་ཁ་གཅུས་མཁན་སྔོན་ལ་གཏོང་དགོས།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章