ད་ལོར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ས་ཆ་མང་པོར་རླངས་འཁོར་ཉོ་ཚོང་རིགས་ཀྱི་གན་རྒྱའི་མགོ་གཡོག་མགོ་སྐོར་གྱི་དོན་རྐྱེན་བྱུང་བཞིན་ཡོད། ཁྲིམས་འགལ་མི་སྣས་དུས་ཐུང་ནང་རླངས་འཁོར་བོགས་གཏོང་སྤྱི་གཉེར་ཁང་གི་རླངས་འཁོར་བོགས་མར་བཏང་བ་དང་། དེ་ནས་རླངས་འཁོར་ཐག་རིང་ས་ཆར་བསྐོར་ཏེ་རླངས་འཁོར་ཐོ་འགོད་ལག་ཁྱེར་དང་བགྲོད་སྐྱོད་ལག་ཁྱེར་བརྫུན་བཟོ་དང་སྒྱུར་བཟོ་བྱས་ཏེ་རང་ཉིད་ཀྱི་མིང་ཐོག་ནས་མི་གཞན་དང་རླངས་འཁོར"གཏའ་འཇོག"གམ་ཡང་ན"ཉོ་ཚོང"གི་གན་རྒྱ་བཞག་སྟེ་ས་གནས་མང་ཚོགས་ལ་བཙོངས་པ་དང་། དེའི་ཁྲོད་ཁེ་བཟང་རག་ཐབས་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུད་བཟོ་བཞིན་ཡོད།མཚོ་སྔོན་སྤྱི་བདེ་མྱུལ་ཞིབ་སྡེ་ཚན་གྱིས་ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་པར་ནན་རྒྱུན་དོགས་ཟོན་བྱས་ཏེ་གཞན་གྱི་གཡོ་འོག་ཏུ་མི་ཚུད་པའི་དྲན་སྐུལ་འདི་འདྲ་གནང་འདུག་སྟེ། གཅིག རིན་གོང་དམའ་པོའི་བསླུ་བྲིད་ལ་དོགས་ཟོན་བྱ་དགོས། སྔོན་ཉོ་བྱས་པའི་ལག་བརྒྱུད་རླངས་འཁོར་ཁྲོམ་རའི་རིན་གོང་ལས་མངོན་གསལ་དོད་པོས་དམའ་བས། རླངས་འཁོར་ཐོ་འགོད་ལག་ཁྱེར་དང་བགྲོད་སྐྱོད་ལག་ཁྱེར་རྫུན་བཟོ་དང་སྒྱུར་བཟོ་བྱས་ཡོད་མེད་དང་ཕྱིར་ཚོང་བྱེད་མཁན་ལ་ཐག་གཅོད་བྱེད་དབང་ཡོད་མེད་ལ་འདྲི་རྩད་དང་དབྱེ་ཞིབ་གསལ་བོ་བྱེད་དགོས། གཉིས། རླངས་འཁོར་གྱི་ཆ་འཕྲིན་ལ་ཞིབ་བཤེར་གསལ་བོ་བྱ་དགོས། ལག་བརྒྱུད་རླངས་འཁོར་ཉོ་ཚོང་གི་གན་རྒྱ་མ་བཞག་གོང་ངེས་པར་དུ་རླངས་འཁོར་གྱི་ཆ་འཕྲིན་ངོ་མ་ཡིན་ནམ་ལ་ཞིབ་དཔྱད་ནན་ཏན་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་སྤྱི་བདེ་རླངས་འཁོར་དོ་དམ་སྡེ་ཁག་ཏུ་བསྐྱོད་དེ་རླངས་འཁོར་གྱི་མིང་ཐོ་བསྐོར་བའི་ཐོ་འགོད་འགྲོ་ལུགས་གཉེར་དགོས། གསུམ། ཁྲིམས་མཐུན་གྱི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་ཚོང་ར་འདེམས་དགོས། ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་སྐབས་ཚད་ལྡན་དང་ཁྲིམས་མཐུན་གྱི་ཐབས་ལམ་འདེམས་ལ་ལས། མི་སྒེར་བར་གྱི་ཉོ་ཚོང་ཐད་ལ་གཟབ་ནན་བྱེད་དགོས།ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源/青海公安 西海都市报
责编/项吉当知
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系