ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་8ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཨ་རིའི་ཁེན་ཐ་ཅི་མངའ་སྡེ་ཡི་སྨན་བཅོས་ཐད་འཕུར་གནམ་གྲུ་ཞིག་ཚེས་7ཉིན་གྱི་དགོང་མོར་ལྷུངས་ནས་གནམ་གྲུའི་ཐོག་གི་མི་གསུམ་རྐྱེན་ལམ་དུ་ཤོར་བ་རེད།
ཉེན་རྟོག་ཕྱོགས་ཀྱིས་ཐད་འཕུར་གནམ་གྲུ་དེ་ནི་ནད་པ་བསུ་བར་འགྲོ་བའི་ལམ་བར་དུ་སར་ལྷུངས་པ་རེད་ཅེས་བཤད། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་ཨ་རིའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ལྷན་དང་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་དོ་དམ་ཅུས་དང་མཉམ་ལས་བྱས་ནས་དོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།