ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཁོ་རེ་ཡ་ལྷོ་མའི་ཕུའུ་ཧྲན་མེ་ཟོན་པུའུ་ཡི་གནས་འཕྲིན་དྲངས་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་24ཉིན་གྱི་ཆུ་ཚོད་18དང་སྐར་མ་31ཙམ་ལ། ཧྥུའུ་ཧྲན་ཤར་ཁུལ་དུ་གནས་པའི་ཁོ་རེ་ཡ་ལྷོ་མར་བཅའ་སྡོད་ཨ་དམག་གི་གསབ་སྣོན་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་བ་རེད། ད་ལམ་གྱི་མེ་སྐྱོན་ཁྲོད་མི་ཤི་རྨས་བྱུང་མེད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། གསབ་སྣོན་མཛོད་ཁང་དེ་ནི་ཞེང་ཚད་ལ་སྨི་120དང་མཐོ་ཚད་ལ་སྨི་40ཡོད་པའི་མཛོད་ཁང་ཆེ་གྲས་ཤིག་ཡིན་ལ། ཁོ་རེ་ཡ་ལྷོ་མར་བཅའ་སྡོད་ཨ་དམག་གིས་ཧྥུའུ་ཧྲན་གྲུ་ཁར་སྐྱེལ་འདྲེན་བྱེད་པའི་ཨ་དམག་གི་སྒྲིག་ཆས་ཉར་ཚགས་དང་སྐྱེལ་འདྲེན་བྱེད་པའི་སྒྲིག་ཆས་ཤིག་ཀྱང་ཡིན་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། མེ་སྐྱོན་མ་ཐོན་གོང་འཁྱགས་གཏོང་མཛོད་ཁང་ནང་ཨར་ལས་བྱེད་བཞིན་ཡོད་པ་དང་། མཛོད་ཁང་ནང་ཨར་ལས་རྒྱུ་ཆ་དང་། འདུས་འདྲེས་ཨེམ་ཞག འགྱིག་སོགས་ཡོད་པ་རེད།