ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། དབྱི་སི་རལ་གྱིས་ཀ་ཟཱ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་སྐྱབས་བཅོལ་སྒར་སར་ཡོད་པའི་ཡེ་མེན་སའེ་དབྱི་ཏེ་སྨན་ཁང་ལ་འཇབ་རྒོལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཇབ་རྒོལ་གྱི་རྫས་མདེལ་སྨན་ཁང་ཡོད་པའི་ཡུལ་གྱར་བའི་གུར་ལ་ཕོག་པ་རེད། རྨས་མ་དང་ལེན་བྱེད་མཁན་སྨན་ཁང་གི་འགན་འཁུར་བ་ཁ་མའེ་ལི་·ཨ་ཏེ་ཝན་གྱིས། ད་རེས་ཀྱི་འཇབ་རྒོལ་དེའི་ནང་མི་16རྐྱེན་ལམ་དུ་ཤོར་བ་དང་མི་17ལ་རྨས་སྐྱོན་ཕོག་འདུག་ཅེས་ཟེར།