སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་རྣམ་པ་བཞི་ངོ་སྤྲོད་མདོར་བསྡུས།

文摘   2024-10-15 17:06   西藏  

རོང་ཟོམ་མ་ཧཱ་པཎྜི་ཏ་ནི།

གཙང་སྣང་ལུང་རོང་དུ་སྤྱི་ལོ 1012 ལོར་འཁྲུངས།སྔ་འགྱུར་གྱི་ལོ་ཙཱ་བའི་མཐའ་མར་གྲགས། མཁྱིན་དཔྱོད་ལ་ཕྱི་རབས་ལོ་ཙཱ་བ་སུས་ཀྱང་འགྲན་ཟླ་བྲལ།  ཐེག་ཆེན་ཚུལ་འཇུག  སྣང་བར་ལྷར་སྒྲུབ། གསང་སྙིང་དཀོན་ཅོག་འགྲེལ་སོགས་བསྟན་བཅོས་ཤིན་ཏུ་མང་པོ་མཛད།དགུང་གྲངས་བརྒྱད་དང་བཅུ་དགུར་བཞུགས་ཏེ་སྤྱི་ལོ 1131 ལོར་དགོངས་པ་ཆོས་དབྱིངས་སུ་སྡུས་སོ།།

 



ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ནི།

གཡོ་རུ་གྲ་ནང་གི་ཆ་སྟོད་དུ་སྤྱི་ལོ 1308ལོར་སྐུ་བལྟམས།རིག་འཛིན་ཀུ་མ་ར་སོགས་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད།རྒྱ་ཆེ་བའི་བཤད་པ་མཛོད་ཆེན་བདུན། ཟབ་པ་ཀུ་སཱ་ལིའི་བཤད་པ་སྙིང་ཐིག་ཡ་བཞི། ཟབ་རྒྱས་ཟུང་འཇུག་གི་སྐོར་ངལ་གསོ་སྐོར་གསུམ་སོགས་སུས་ཀྱང་འགྲན་མི་བཏུབ་པའི་བསྟན་བཅོས་དུ་མ་མཛད།སྤྱི་ལོ 1363 ལོར་དགོངས་པ་ཆོས་དབྱིངས་སུ་སྡུས་སོ།

 


རིག་འཛིན་འཇིགས་མེད་གླིང་པ་ནི།

དབུས་ཀྱི་འཕྱོངས་རྒྱས་སུ་ཕྱི་ལོ 1729སྐུ་འཁྲུངས།  ཐུགས་ལ་སྙིང་རྗེ་ཆེན་པོ་མངའ།སྔ་འགྱུར་བའི་ཕ་ཆོས་ཉམས་བཞེས་ལ་བརྟེན་ནས་མགྲིན་པའི་རྩ་མདུད་གྲོལ་བས་ཡོན་ཏན་མཛོད་རྩ་འགྲེལ།རྒྱུད་འབུམ་དཀར་ཆག་ཆེན་མོ། དགོངས་འདུས་རྣམ་བཤད།ཀློང་ཆེན་སྙིང་ཐིག་གི་སྐོར་སོགས་གསུང་ཆོས་པོད་དགུ་མཛད། ཐུགས་ཟིན་གྱི་སློབ་མའི་ཚོགས་མང་དུ་བྱུང་།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་སྐུས་རྗེས་སུ་བཟུང་། སྤྱི་ལོ 1798ལོར་དགོངས་པ་ཆོས་དབྱིངས་སུ་སྡུས་སོ།

 


འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི།
རྫ་ཆུ་ཁར་སྤྱི་ལོ 1846 ལོར་འཁྲུངས། མདོ་སྔགས་རིག་གནས་དང་བཅས་པར་རིག་པའི་རྩལ་འབར།སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་།མདོ་སྔགས་གཞུང་འགྲེལ་སོགས་གསུང་ཆོས་པོད་སོ་གཉིས་མཛད་དེ་སྔ་འགྱུར་བསྟན་པའི་ཉིན་བྱེད་དུ་གྱུར།ནང་དོན་རིག་པ་གཅིག་པུ་ལ་མཁྱེན་རྒྱ་ཆེ་བ་ཙམ་མིན་པར་ཐུན་མོང་དང་ཐུན་མིན་རིག་གནས་ཀུན་ལ་མཁྱེན་དཔྱོད་ཕུལ་ཏུ་ཕྱིན་པ་ཞིག་སྟེ།སྨན་གྱི་སྡེབ་སྦྱོར་ནས་བཟུང་བོད་མིའི་རིག་གནས་ཡོད་དོ་ཅོག་ལ་ཕན་ཐོགས་བླ་མེད་གནང་མཐར་སྤྱི་ལོ1912ལོར་དགོངས་པ་ཆོས་དབྱིངས་སུ་སྡུས་སོ།

神奇民间
你们好!
 最新文章