རྒྱ་གར་དུ་རླངས་འཁོར་ཞིག་གཡང་ལ་ལྷུངས་ནས་མི་36རྐྱེན་ལམ་དུ་ཤོར་བ།

文摘   2024-11-05 20:01   西藏  

ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་4ཉིན། རྒྱ་གར་བྱང་རྒྱུད་ཀྱི་ཨ་ཁིན་ཏེ་མངའ་སྡེ་བྱང་མར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ཚེས་4ཉིན་གྱི་ཞོགས་པ་གྲོག་རོང་དུ་ལྷུངས་བ་རེད། དོན་རྐྱེན་འདིའི་ཁྲོད་མིག་སྔར་མི་36རྐྱེན་ལམ་དུ་ཤོར་ཡོད།



གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་རྒྱལ་ཁབ་གནོད་འཚེའི་ལན་ཆ་དཔུང་སྡེ་དང་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་འཚོལ་སྐྱོབ་བྱ་སྤྱོད་སྤེལ་ཟིན། རྨས་མ་མང་པོ་ཞིག་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ཟིན་པ་དང་། མིག་སྔར་དོན་རྐྱེན་འདིའི་འབྱུང་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

神奇民间
你们好!
 最新文章