འདིར་ཁ་ལོ་བ་ཙམ་མ་ཟད། རྒྱ་ལམ་འགྲུལ་པ་ཚོས་ཀྱང་ཡིན་གཅིག་གཟིགས་རོགས།

文摘   2024-10-09 16:45   西藏  

   མི་བགྲོད་ལམ་གྱི་མདུན་དུ་འགྲུལ་པ་སྔོན་ལ་སྐྱོད་དུ་འཇུག་པ་ནི་ཡ་རབས་ངང་རླངས་འཁོར་གཏོང་བའི་རྒྱུན་ཤེས་ཤིག་ཡིན་ཞིང་། དེས་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་། འགྲུལ་པ་སྔོན་ལ་སྐྱོད་དུ་འཇུག་སྐབས་གནས་ཚུལ་མི་འདྲ་བའི་དབང་གིས་ཁ་ལོ་བ་མི་ཉུང་བར་དོགས་གནད་འགའ་ཡང་འཕྲད་བཞིན་ཡོད་པ་རེད། 

    ཁ་ལོ་བས་རླངས་འཁོར་གཏོང་སྐབས་འདི་ལྟར་གནང་དགོས།


🔽🔽🔽
གཅིག འཕྲུལ་སྒུལ་འཁོར་རིགས་མི་བགྲོད་ལམ་དུ་སླེབས་སྐབས།
    འཕྲུལ་སྒུལ་འཁོར་རིགས་མི་བགྲོད་ལམ་དུ་སླེབས་སྐབས་རླངས་འཁོར་དལ་པོས་གཏོང་དགོས།
གཉིས། འགྲུལ་པ་མི་བགྲོད་ལམ་དུ་འགྲོ་བཞིན་པ་དང་འཕྲད་སྐབས།
    གལ་སྲིད་འགྲུལ་པ་མི་བགྲོད་ལམ་དུ་འགྲོ་བཞིན་ཡོད་ཚེ་རླངས་འཁོར་ཁ་བཀག་ནས་འགྲུལ་པ་སྔོན་ལ་གཏོང་དགོས།

གསུམ། འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་མཉམ་དུ་སྐྱོད་སྐབས།
    འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་མཉམ་དུ་སྐྱོད་སའི་ལམ་དུ་འགྲུལ་པ་མི་བགྲོད་ལམ་དུ་སྐྱོད་བཞིན་ཡོད་ཚེ། རླངས་འཁོར་ཁ་བཀག་ནས་འགྲུལ་པ་སྔོན་ལ་གཏོང་དགོས།
    འཕྲུལ་སྒུལ་འཁོར་རིགས་མི་བགྲོད་ལམ་བུ་བརྒྱུད་སྐབས། གཏན་འབེབས་ལྟར་འཁོར་རིགས་དལ་དུ་མི་གཏོང་བ་དང་། ཁ་མི་འགོག་པ། འགྲུལ་པར་མི་གཡོལ་བ་བཅས་བྱས་ཚེ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད།0
4
བཞི། ལམ་མདོ་ནས་གཞོགས་གཡས་སུ་སྐྱོད་སྐབས།
   རླངས་འཁོར་གཞོགས་གཡས་སུ་སྐྱོད་སྐབས་འགྲུལ་པ་མི་བགྲོད་ལམ་དུ་སྐྱོད་བཞིན་པ་མཐོང་ཚེ། རླངས་འཁོར་ཁ་བཀག་ནས་འགྲུལ་པ་སྔོན་ལ་གཏོང་དགོས།

ལྔ། ལམ་མདོ་ནས་གཞོགས་གཡོན་དུ་སྐྱོད་སྐབས།
  རླངས་འཁོར་གཞོགས་གཡོན་ནས་སྐྱོད་སྐབས་འགྲུལ་པ་མི་བགྲོད་ལམ་དུ་སྐྱོད་བཞིན་པ་མཐོང་ཚེ། རླངས་འཁོར་ཁ་བཀག་ནས་འགྲུལ་པ་སྔོན་ལ་གཏོང་དགོས།

རྒྱ་ལམ་སྒྲོལ་སྐབས་འགྲུལ་པས་འདི་ལྟར་གནང་དགོས། 
🔽🔽🔽
གཅིག རྒྱ་ལམ་སྒྲོལ་སྐབས་བཅའ་ཁྲིམས་ཡག་པོ་སྲུང་དགོས།
    འགྲུལ་པས་རྒྱ་ལམ་སྒྲོལ་སྐབས་མི་བགྲོད་ལམ་དང་སྤྲིན་ཟམ་སོགས་ནས་སྐྱོད་དགོས། ཁ་ལོ་བས་རླངས་འཁོར་ཁ་བཀག་ནས་འགྲུལ་པ་སྔོན་ལ་གཏོང་བ་དང་ཆབས་ཅིག ལག་བརྡ་བྱས་ནས་འགྲུལ་པ་སྔོན་ལ་སྐྱོད་དུ་འཇུག་དགོས་པ་མ་ཟད་ངང་རྒྱུད་རིང་པོས་སྒུག་དགོས།

གཉིས། བདེ་འཇགས་འགན་ལེན་བྱས་ནས་བརྡ་རྟགས་ལ་ལྟ་དགོས།
    མི་བགྲོད་ལམ་ནས་མ་བསྐྱོད་གོང་། འགྲུལ་པས་ཡིན་གཅིག་འགྲིམ་འགྲུལ་གྱི་བརྡ་རྟགས་ལ་བལྟ་དགོས། གལ་ཏེ་བརྡ་རྟགས་ཡོད་ཚེ་གློག་སྔོན་པོ་འབར་རྗེས་སྐྱོད་དགོས་པ་དང་། གལ་ཏེ་བརྡ་རྟགས་མེད་ཚེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་ལག་བརྡ་བྱས་ནས། ཁོ་ཚོར་དྲན་སྐུལ་བྱེད་དགོས།

གསུམ། རྒྱ་ལམ་སྒྲོལ་སྐབས་ལྷོད་གཡེང་དང་སྣང་ཆུང་བྱེད་མི་རུང་།
    གལ་སྲིད་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ། འཕྲུལ་སྒུལ་འཁོར་རིགས་ནང་གི་མི་ལས་རྒྱ་ལམ་འགྲུལ་པར་གནོད་འཚེ་ཕོག་ཆེ་བ་ཡོད།
    དེར་བརྟེན། རྒྱ་ལམ་འགྲུལ་པས་བརྡ་རྟགས་ཀྱི་གློག་སྒྲོན་དམར་པོར་མི་ལྟོས་པར་གཏན་ནས་སྐྱོད་མི་རུང་ལ། ལམ་དཀྱིལ་གྱི་ལྕགས་དྲ་སོགས་ལས་མཆོངས་ཏེ་རྒྱ་ལམ་སྒྲོལ་མི་རུང་། དེ་བཞིན། ཁ་པར་རྩེ་བ་དང་། གཞས་ཉན་པ། འདེད་རེས་རྩེ་བ་སོགས་བྱེད་མི་རུང་། 

    སྐར་མ་འགའ་ཤས་སྒུག་དགོས་ཀྱང་། 
སྐར་ཆ་གཅིག་ལ་རྩོད་མི་རུང་།
神奇民间
你们好!
 最新文章