བཟའ་མི་ཚང་མ་ཁྱིམ་དུ་སྡོད་སྐབས་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ནས་བྱིས་པ2རྐྱེན་ལམ་དུ་ཤོར།ཟླ11པའི་ཚེས5ཉིན། དྲ་གྲོགས་ཚོས་ཧུའུ་ནན་ལུང་ཧུའི་ཁྱིམ་ཚང་ཞིག་ཏུ་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་ནས་མི2ཤི་བ་དང་མི1རྨས་པ་རེད་ཅེས་བཤད་ཀྱིན་འདུག འདས་པོའི་ཁྱིམ་མིས་བཤད་རྒྱུར། ཚེས1ཉིན་ཁོའི་མག་པས་བྱིས་པ་གཉིས་གླུ་གཞས་འགྲན་སྡུར་ནང་ཞུགས་རྗེས་ཁོ་ཚོ་མགྲོན་ཁང་དུ་འདུག་སྐབས་དྲོད་སྙོམས་འཕྲུལ་ཆས་མེད་པས་ཤིང་སོལ་སྤྱད་ནས་ཁ་ལག་བསྲོས་པས་ཚ་བོ་གཉིས་ལ་དབྱང་གཅིག་ཐྰན་རྫས་ཀྱི་དུག་སྐྱོན་ཐེབས་ནས་ཤི་བ་དང་། མག་པར་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཟེར།གསར་འགོད་པས་དོན་རྐྱེན་འབྱུང་སའི་དམངས་ཁྱིམ་འགན་འཁུར་བར་ཁ་པར་གང་མང་བརྒྱབས་ཀྱང་སྣེ་ལེན་མ་བྱས། དོན་རྐྱེན་བྱུང་སྐབས་མགྲོན་ཁང་འགྲམ་གྱི་སྦྱིན་བདག་གཞན་ཞིག་གིས་རི་སྟེང་གི་དྲོད་ཚད་ཧེ་བག་ཆེ་བས་ཤིང་སོལ་སྤྱད་ནས་ཁ་ལག་སྲོ་སྐབས་བསམ་ཡུལ་ལས་འདས་པའི་གནས་ཚུལ་འབྱུང་བཞིན་འདུག་ཟེར། ལུང་ཧུའེ་རྫོང་རིག་གནས་ཁང་གི་ལས་སྒྲུབ་མི་སྣས་འདས་པོ་རང་འགུལ་སྒོས་མིང་ཐོ་བཀོད་ནས་ཡོངས་ཁྱབ་འདེམས་བསྐོའི་འགྲན་སྡུར་ནང་ཞུགས་ཡོད་ཟེར། གསར་འགོད་པས་ཧུའུ་ཤིན་ཧྲན་མངགས་གཏོང་ཁང་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་ལས་དོན་ཚོགས་ཆུང་བཙུགས་ནས་གནད་དོན་དེར་བརྟག་དཔྱད་ཐག་གཅོད་བྱེད་བཞིན་ཡོད་ཟེར།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།