ཁ་ལོ་བ་ཚོ། སྲིད་ཇུས་གསར་པ་འདི་དག་ང་ཚོ་ཚང་མ་དང་འབྲེལ་བ་ཆེ།

文摘   2024-11-19 14:51   西藏  

ཡོངས་བསྒྲགས།


    ཉེ་ཆར།《〈འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབསལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་གཏན་འབེབསབསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་བྱས་པ་རེད།
    འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབས》(སྤྱི་བདེ་པུའི་བཀའ་རྒྱ་ཨང་162ལ་ཁྱོན་དོན་ཚན་111ཡོད་པ་དང་། ད་ཐེངས་བཟོ་བཅོས་རྒྱག་རྩིས་ཡོད་པའི་ནང་གཙོ་བོ་གཤམ་གསལ་དོན་ཚན་ཁག་5ཡོད་པ་སྟེ།
    གཅིག འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་ཀྱི་གཏན་འབེབས་ལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། གྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་མཐོ་ཤོས་ལོ་60ནས་ལོ་63ལ་རིང་དུ་གཏོང་རྒྱུ།
    གཉིས། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་རིགས་གཏོང་ཆོག་པའི་ལོ་ཚད་ཀྱི་གཏན་འབེབས་ལ་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། གྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་རིགས་གཏོང་ཆོག་པའི་ལོ་ཚད་མཐོ་ཤོས་ལོ་60ནས་ལོ་63ལ་རིང་དུ་གཏོང་རྒྱུ།
    གསུམ། འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བས་རྒན་ཡོལ་ཞུ་བའི་དུས་ཚོད་ནར་འགྱངས་བྱས་པ་དང་བསྟུན་ཏེ་རླངས་འཁོར་གཏོང་ཆོག་པའི་དུས་ཚོད་ནར་འགྱངས་ཀྱི་རེ་ཞུ་བྱེད་པའི་གཏན་འབེབས་ཁ་གསལ་བཟོ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་སྟབས་བསྟུན་རང་བཞིན་གྱི་རྒན་ཡོལ་ཞུ་བའི་དུས་ཚོད་ནར་འགྱངས་བྱེད་པའི་སྲིད་ཇུས་དང་སྦྲེལ་མཐུད་བྱ་ཆེད། ལོ་63ཡན་གྱི་མུ་མཐུད་ནས་འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གཏོང་བའི་རེ་ཞུ་བྱེད་མཁན་གྱི་ཁ་ལོ་བས་གཟུགས་པོ་བརྟག་དཔྱད་དང་། དྲན་ཤེས་ཀྱི་ནུས་པ་དང་དབྱེ་འབྱེད་ཀྱི་ནུས་པ་སོགས་ལ་ཚད་ལེན་ཚོད་ལྟ་བྱེད་དགོས་པ་དང་། གཟུགས་པོའི་ཆ་རྐྱེན་དེ་མུ་མཐུད་འགྲུལ་སྐྱེལ་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གཏོང་བའི་རེ་བ་དང་མཐུན་ན། འཁོར་རིགས་དོ་དམ་སུའོ་ལ་དེ་སྔ་རླངས་འཁོར་གང་གཏོང་བ་འདི་ལྟར་གཏོང་ཆོག་པའི་དུས་ཡུན་རིང་དུ་གཏོང་བའི་རེ་ཞུ་བྱེད་ཆོག་པའི་གཏན་འབེབས་བྱ་རྒྱུ།
    བཞི། འཁོར་ཅན་ཆེད་སྤྱོད་འཕྲུལ་ཆས་རླངས་འཁོར་དང་། ལྕགས་ལམ་མེད་པའི་གློག་འཁོར། ལྕགས་ལམ་ཡོད་པའི་གློག་འཁོར་བཅས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་བའི་ལོ་ཚད་ཀྱི་གཏན་འབེབས་ལེགས་སྒྲིག་བྱ་རྒྱུ་ཡིན་ཞིང་། འཁོར་ཅན་ཆེད་སྤྱོད་འཕྲུལ་ཆས་རླངས་འཁོར་དང་། ལྕགས་ལམ་མེད་པའི་གློག་འཁོར། ལྕགས་ལམ་ཡོད་པའི་གློག་འཁོར་བཅས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་བའི་ལོ་ཚད་མཐོ་ཤོས་དེ་ལོ་60ནས་ལོ་63ལ་རིང་དུ་གཏོང་རྒྱུ།
    ལྔ། སློབ་འཁོར་གཏོང་བའི་ཐོབ་ཐང་རེ་ཞུའི་ལོ་ཚད་དང་མེད་པ་བཟོ་བའི་ལོ་ཚད་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། ཁ་ལོ་བས་སློབ་འཁོར་གཏོང་ཆོག་པའི་ལག་ཁྱེར་རེ་ཞུ་བྱེད་པའི་ལོ་ཚད་མཐོ་ཤོས་དེ“ལོ་60ལས་མི་བརྒལ་བ”ནས“ལོ་ཚད་རྒྱལ་ཁབ་ཀྱི་སློབ་འཁོར་གཏོང་ཆོག་པའི་ཐོབ་ཐང་གི་ཆ་རྐྱེན་དང་མཐུན་པར”ལེགས་སྒྲིག་བྱ་རྒྱུ་དང་། སློབ་འཁོར་གཏོང་ཆོག་པའི་ལག་ཁྱེར་མེད་པ་བཟོ་བའི་ལོ་ཚད་དེ“ལོ་60ལས་བརྒལ་བ”ནས“ལོ་ཚད་རྒྱལ་ཁབ་ཀྱི་སློབ་འཁོར་གཏོང་ཆོག་པའི་ཐོབ་ཐང་གི་ཆ་རྐྱེན་ལས་བརྒལ”བར་ལེགས་སྒྲིག་བྱ་རྒྱུ། གོང་ཁྲིམསསློབ་འཁོར་གྱི་བདེ་འཇགས་དོ་དམ་སྲོལ་ཡིགགི་གཏན་འབེབས་དང་གཅིག་མཚུངས་ཡོང་བ་བྱ་རྒྱུ།
    གཞན་ཡང་། “འཁོར་གསུམ་སྦག་སྦག་དཀྱུས་མ་དང་འཁོར་གཉིས་སྦག་སྦག་དཀྱུས་མའི་འཁོར་རིགས་གཏོང་ཆོག་པའི་རེ་ཞུའི་ལོ་ཚད་ལོ་60ནས་ལོ་70ལ་རིང་དུ་གཏོང་བའི”དམངས་ཕན་བྱེད་ཐབས་དེ་སྡེ་ཚན་གྱི་སྒྲིག་སྲོལ་གཏན་འབེབས་ལ་རིམ་པ་སྤར་ནས། དམངས་ཕན་ཞབས་ཞུའི་བྱེད་ཐབས་ལམ་ལུགས་ཅན་དང་སྒྱུར་བཅོས་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་རྒྱུ།
    བཟོ་བཅོས་བརྒྱབ་རྗེས་ཀྱི《〈འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རེ་ཞུ་དང་བེད་སྤྱོད་སྐོར་གྱི་གཏན་འབེབསལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་གཏན་འབེབསདེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

神奇民间
你们好!
 最新文章