ར་མ་སོན་པའི་བུ་མོའི་གསང་གནས་བརྙན་བླངས་རྗེས།

文摘   2024-11-21 20:39   西藏  


ནང་ཆེན་རྫོང་སྤྱི་བདེ་ཡིས་བུ་མོའི་གསང་གནས་ལ་བཙན་གནོད་བྱེད་མཁན་ཞིག་བཟུང་།



ཉེ་ཆར།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་རུ་ཆེན་ལ་གྱོད་དོན་སྙན་སེང་ཞིག་འབྱོར་ཏེ། མི་གཞན་གྱིས་ངའི་བུ་མོའི(ནར་མ་སོན་པ)གསང་བའི་དབང་ཆར་བཙན་གནོད་བྱས་སོང"ཞེས་བཤད།
སྙན་སེང་འབྱོར་རྗེས། ཉེན་རྟོག་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མྱུར་དུ་ཞིབ་བཤེར་ཐག་གཅོད་བྱས།

གྱོད་དོན་སྙན་སེང་ཞུ་མཁན་གྱིས་ཞིབ་བརྗོད་བྱས་པ་ལྟར་ན། ཁོའི་བུ་མོ་སྒྲོལ་མས(བརྫུས་མིང)ནང་ཆེན་རྫོང་སྤྲེལ་ཚྭ་ཤང་གི་བཀྲ་ཤིས་ཆེ་གེ་མོ་དང་སྐད་འཕྲིན་བརྙན་ལམ་ནས་ཁ་བརྡ་བྱེད་སྐབས།
མོའི་གསང་བར་གནོད་འཚེ་ཚབས་ཆེན་ཕོག་ཡོད་ལ། བཀྲ་ཤིས་ཆེ་གེ་མོས་སྒྲོལ་མར་བརྙན་མིག་མདུན་དུ་རང་ཉིད་ཀྱི་གསང་བའི་གནས་སྟོན་དགོས་པའི་རེ་བ་བཏོན་པར་མ་ཟད།
ད་དུང་ཆོག་མཆན་མ་ཐོབ་པར་བརྙན་ཕབ་ཀྱང་བྱས། བྱ་སྤྱོད་དེས་སྒྲོལ་མའི་འདོད་བློ་དང་འགལ་ཏེ་ནར་མ་སོན་པའི་མིའི་གསང་བའི་དབང་ཆ་རྩིས་མེད་དུ་བཏང་།

ཡིན་ཡང་། དོན་དག་གི་འཕེལ་རྒྱས་དེ་ད་དུང་མཚམས་བཞག་མེད་ཀྱང་།
བཀྲ་ཤིས་ཆེ་གེ་མོས་གསང་གནས་ཀྱི་བརྙན་ཐུང་དེ་དག་བླངས་རྗེས། རང་ཉིད་ཀྱི་ནོར་འཁྲུལ་ཤེས་རྟོགས་མ་བྱུང་བར་རང་སྣང་གང་ཤར་གྱིས་བརྙན་དེ་དག་མི་གཞན་ལ་བརྒྱུད་སྐུར་བྱས་ཤིང་།
བྱ་སྤྱོད་དེས་སྒྲོལ་མའི་མཚན་སྙན་ལ་གནོད་འཚེ་ཚབས་ཆེན་བཟོས་པར་མ་ཟད། སྒྲོལ་མ་དང་མོའི་ཁྱིམ་མི་ལ་དེ་བས་ཀྱང་དཀའ་སྡུག་ཆེན་པོ་བཟོས་པ་དང་ཆབས་ཅིག
སྤྱི་ཚོགས་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད།

ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་མདུན་དུ།
ནང་ཆེན་དྲ་རྒྱའི་བདེ་འཇགས་ཉེན་རྟོག་པ་མགྱོགས་མྱུར་ངང་འགུལ་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཤིང་།
རྩད་ཞིབ་བྱ་བ་ཞིབ་ཚགས་སྤེལ་བ་བརྒྱུད། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་བཀྲ་ཤིས་ཆེ་གེ་མོའི་གར་འགྲོ་གར་འདུག་གི་རྗེས་ཤུལ་མགྱོགས་མྱུར་ངང་གཏན་འཁེལ་བྱས་པར་མ་ཟད།
ད་དུང་སྤྲེལ་ཚྭ་ཤང་མཁར་ནག་སྡེ་བའི་མངའ་ཁོངས་སུ་བདེ་བླག་ངང་འཛིན་བཟུང་བྱས། འདྲི་རྩད་བྱས་པ་བརྒྱུད།
བཀྲ་ཤིས་ཆེ་གེ་མོས་རང་ཉིད་ཀྱིས་ནར་མ་སོན་པའི་མིའི་གསང་བར་གནོད་འཚེ་བཏང་བའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ།
བཀྲ་ཤིས་ཆེ་གེ་མོས་མི་གཞན་གྱི་གསང་བར་གནོད་འཚེ་བཏང་བས་སྲིད་འཛིན་བཀག་ཉར་ཉིན10ཡི་ཆད་གཅོད་བྱས།

མཁའ་འབུམ་རྒྱལ་གྱིས་བསྒྱུར། 

神奇民间
你们好!
 最新文章