ཁྲོམ་ཕུར་སྲིད་འཛིན་ཐོབ་པ་དང་འཛམ་གླིང་འགྱུར་ལྡོག་ཆེན་པོ་འགོ་ཚུགས།

文摘   2024-11-08 21:24   西藏  

འོས་བསྡུའི་མཇུག་འབྲས་གསལ་བོར་ཆགས་མཚམས། སྒྲོ་ནལ་ ཁྲི་རམ་ཕུས་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱས། ཁོས། ཨ་རི་དེ་སྟོབས་ལྡན་དང་བདེ་འཇགས་ཡོད་པ། འབྱོར་ཕྱུག་ཅན་ཞིག་ཏུ་མ་བསྒྱུར་བར་ངས་མཚམས་འཇོག་རྒྱུ་མིན་ལ། འདི་ནི་དོན་གྱིས་ཨ་རི་ལ་མཚོན་ན་གསེར་གྱི་དུས་ཚོད་(དུས་ཚོད་ཡག་ཤོས།) ཅིག་ཏུ་འགྱུར་རྒྱུ་ཡིན་པ། དཀོན་མཆོག་གིས་ཁོའི་སྲོག་བསྐྱབས་པར་རྒྱུ་མཚན་ཞིག་ཡོད་པ་དང་། རྒྱུ་མཚན་དེ་ནི་ཨ་རི་སྐྱོབ་རྒྱུ་དང་རྒྱལ་ཁབ་ཀྱི་ནུས་སྟོབས་བསྐྱར་གསོ་བྱ་རྒྱུ་དེ་རེད། ང་ཚོས་མཉམ་དུ་དམིགས་ཡུལ་དེ་བསྒྲུབ་རྒྱུ་ཡིན་ཞེས་བཤད། 


དེ་བཞིན་ཁོས། ད་ལྟ་ནི་སྔར་གྱི་དབྱེ་འབྱེད་དག་ཟུར་དུ་འཇོག་རྒྱུའི་དུས་ཚོད་ཡིན་པ་དང་། ང་ཚོས་ལས་དོན་ལེགས་པར་འགྲུབ་ཚེ། མི་གཞན་དག་ཀྱང་རང་ཕྱོགས་སུ་འཁོར་ནས་ཡོང་བ་སྔར་སྲིད་འཛིན་བྱེད་སྐབས་ཀྱི་ཉམས་མྱོང་ལས་རྟོགས་ཡོད་ཅེས་བཤད། 
ཐེངས་འདིར་ཁོས་སྤྱིར་བཏང་གི་སྐད་ཆ་འགའ་བཤད་པ་ལས། ཆབ་སྲིད་དང་ལྷག་པར་ཕྱི་སྲིད་དང་འབྲེལ་སྐད་ཆ་དམིགས་བསལ་མ་བཤད་ཀྱང་། ཁོས། གཞན་གྱིས་ངས་དམག་འཁྲུག་ཅིག་འགོ་གཟུག་རྒྱུ་རེད་ཟེར། ངས་དམག་འཁྲུག་བསླང་རྒྱུ་མིན་པར། དམག་འཁྲུག་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ཞེས་བཤད།

ཁྲོམ་ཕུར་རྒྱལ་རྗེས་ཀྱི་དུས་ཚོད་རེ་འགའི་ནང་གི་འགྱུར་བ་ཆེན་པོ་གཅིག སྒྲོ་ནལ་ ཁྲི་རམ་ཕུ་ལ་རྒྱལ་ཁ་ཐོབ་རྒྱུའི་རྟགས་མཚན་ཆེ་རུ་ཕྱིན་པ་དང་ལྷན། རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་རིན་ཐང་འཕར་འགོ་བཙུག་པ་དང་། ལྷག་པར་ཨ་སྒོར་གྱི་རིན་ཐང་དང་དྲྭ་ཐོག་རང་དབང་འཛའ་ཐང་Bitcoin གྱི་རིན་ཐང་འཕར། ཡུ་སྒོར་དང་དབྱིན་སྒོར། ཉི་སྒོར་སོགས་དངུལ་སྒོར་གཞན་གྱི་འཛའ་མར་ཟག་ཅིང་ཨ་སྒོར་གྱི་འཛའ་བརྒྱ་ཆ་1.4% ཡར་འཕར། དེ་ནི་སྒྲོ་ནལ་ ཁྲི་རམ་ཕུས་ཁེ་གཉེར་དག་གི་ཚོང་ཁྲལ་སྙུང་རྒྱུ་དང་། རྒྱ་ནག་དང་ཡུ་རོབ་སོགས་ཕྱི་རྒྱལ་ནས་ཐོན་པའི་ཚོང་རྫས་སྟེང་སྒོ་ཁྲལ་སྤར་རྒྱུའི་སྲིད་ཇུས་འཛིན་རྒྱུ་དང་འབྲེལ་ཞིང་། མ་རྐང་འཇོག་མཁན་ཚོར་འབྱུང་འགྱུར་་ཨ་སྒོར་གྱི་མ་རྐང་ལ་བརྟེན་ན་བརྟན་པ་ཡོད་པའི་ཚོར་བ་ཤུགས་ཆེན་འཕེལ་བ་ལས་བྱུང་བ་བཤད།

ཨུ་རུ་སུས་ཁྲོམ་ཕུར་རྒྱལ་རྗེས་གཏམ་འདི་ལྟར་བཤད། 
དེ་རིང་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་སྒྲོ་ནལ་ ཁྲི་རམ་ཕུ་ལ་རྒྱལ་ཁ་ཐོབ་པ་གསལ་བོར་གྱུར་རྗེས། ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས། ཨུ་རུ་སུའི་ངོས་ནས་སྲིད་འཛིན་གསར་བ་ཕོ་བྲང་དཀར་པོར་བསླེབས་རྗེས་མཉམ་ལས་བྱ་རྒྱུ་ཡིན། ཡིན་ན་ཡང་། ང་ཚོས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་བརྟན་པོར་སྲུང་གི་ཡིན། ཨུ་རུ་སུས་སྔར་ནས་(ཁྲི་རམ་ཕུ་ལ།)ཆ་རྒྱུས་ཡོད་པའི་ཨ་རིའི་འདེམས་ཐོན་སྲིད་འཛིན་དང་། གྲོས་འཐུས་གསར་བ་ཚོའི་སྐོར་ལ་འཕྲུལ་སྣང་གང་ཡང་མེད་ཅེས་བཤད། ད་དུང་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གཞུང་གསར་བ་དང་ལྷན་ལས་ཀ་བྱེད་ཞོར། ཨུ་རུ་སུའི་ངོས་ནས་དམིགས་བསལ་དམག་དོན་བྱ་འགུལ་(དམག་འཁྲུག)གྱི་དམིགས་ཡུལ་དག་བསྒྲུབ་རྒྱུ་ཡིན། ཨུ་རུ་སུས་བཏོན་པའི་ཆ་རྐྱེན་དག་གང་ཡིན་པ་ཝ་ཤིན་ཀྲོན་གྱིས་གསལ་བོར་ཤེས་ཡོད་ཅེས་བཤད།

ཡུག་རེན་སྲིད་འཛིན་ཛེ་ལན་སི་ཀེ་ཡིས་ཁྲོམ་ཕུར་རྒྱལ་རྗེས་གཏམ་འདི་འདྲ་བཤད། 
ཡུག་རེན་སྲིད་འཛིན་ཛེ་ལན་སི་ཀེ་ཡིས་ཁོའི་འཚམས་འཕྲིན་ཡི་གེ་རུ། 2024ད་ལོའི་ཕྱི་ཟླ་ 9 ནང་ང་དང་ཁྲི་རམ་ཕུ་ཐུག་སྐབས། ཨ་རི་དང་ཡུག་རེན་བར་གྱི་ཐབས་ཇུས་འབྲེལ་བ་དང་། ཨུ་རུ་སུས་ཡུག་རེན་ལ་བརྙས་བཅོས་བྱེད་པའི་སྦྱོར་བ་འདི་མཇུག་བསྡུ་རྒྱུའི་ཐད་གྲོས་བྱས་པ་དྲན་གསོ་གཏོང་རྒྱུ་ཡིན། སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་སྐྲུན་རྒྱུའི་ཁྲི་རམ་ཕུའི་དམ་བཅའ་དེར་བཀའ་དྲིན་ཆེ། ཐབས་ལམ་འདིས་ཏག་ཏག་ཡུག་རེན་ལ་ཞི་བདེ་བསྐྲུན་ཐུབ་ཅེས་བཤད།ད་དུང་ཛེ་ལན་སི་ཀེ་ཡིས། ང་ཚོས་ཁྲི་རམ་ཕུའི་བློ་ཐག་ཆོད་པའི་དབུ་ཁྲིད་འོག་ཨ་རི་ནུས་སྟོབས་ཆེན་པོ་ཆགས་པའི་དུས་ཚོད་ཅིག་ཡོང་རྒྱུར་སྒུག་ཡོད། ཡུག་རེན་ནི་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་བརྟན་པོར་བརྟེན་ཡོད། ཡུག་རེན་ཡུ་རོབ་ཀྱི་དམག་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། ཡུ་རོབ་གླིང་ལ་རྒྱུན་རིང་བའི་ཞི་བདེ་དང་བདེ་འཇགས་བསྐྲུན་རྒྱུའི་དམ་བཅའ་ཡོད་ཅེས་བཤད། ད་དུང་ཛེ་ལན་སི་ཀེ་ཡིས། ཁོ་རང་གིས་ཐད་ཀར་ཁྲི་རམ་ཕུ་ལ་འཚམས་འདྲི་བྱ་རྒྱུར་སྒུག་ཡོད་ཅེས་བཤད།

神奇民间
你们好!
 最新文章