ཐེ་རོན་ཕུས་ཕ་ལེ་སི་ཐན་བ་རྣམས་རྒྱལ་ཁབ་གཞན་དུ་གནས་སྤོ་བྱ་དགོས་ཟེར།

文化   2025-01-30 08:01   西藏  
ངལ་གསོའི་སྙན་གཞས་འོས་སྦྱོར།
ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉིན་ཤས་གོང་ཕ་ལེ་སི་ཐན་བ་རྣམས་ཀ་ཧྲ་ནས་ཕྱིར་འཐེན་བྱས་ཏེ། རྒྱལ་ཁབ་གཞན་དུ་གནས་སྤོ་བྱ་རྒྱུའི་མངོན་མེད་འཆར་གཞི་ཞིག་བཏོན་པར་ཕ་ལེ་སི་ཐན་ཕྱོགས་ཀྱིས་རྒོལ་གཏམ་བཏང་ཡོད་པ་རེད།   
ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་26ཉིན། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་ཆབ་སྲིད་ཅུས་ཀྱི་ཁོངས་མི་པ་སའེ་མུའུ·ནཱ་དབྱི་མུའུ་ཡིས། ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། ཕ་ལེ་སི་ཐན་བ་རྣམས་ས་ཆ་གཞན་དུ་གནས་སྤོ་བྱེད་འདོད་ཀྱི་འཆར་གཞི་ཚང་མ་ལམ་ལྷོང་བྱུང་མེད་པ་ལྟར། ད་ཐེངས་ཀྱང་འཆར་གཞི་དེ་ལེགས་འགྲུབ་འབྱུང་དུ་འཇུག་མི་སྲིད་ཅེས་བརྗོད་ཡོད།    
ཧ་མ་སིའི་མགྲིན་ཚབ་པ་ཧ་ཆི་མུའུ·ཁ་ཞི་མུའུ་ཡིས་ཉིན་དེར། ཐེ་རོན་ཕུ་ཡི་གཏམ་བརྗོད་དེ་ནི“ཉེན་ཁ་ཅན”ཞིག་ཡིན་པ་མ་ཟད།    དབྱི་སི་རལ་གྱི་གཡས་ལྷུང་སྟོབས་ཤུགས་ཀྱི་ལངས་ཕྱོགས་དང་གཅིག་མཚུངས་རེད།     ཐེ་རོན་ཕུ་ཡི་གྲོས་འགོ་མངོན་འགྱུར་འབྱུང་མི་སྲིད་ལ། ཕ་ལེ་སི་ཐན་བ་གཅིག་གིས་ཀྱང་མོས་མཐུན་བྱ་མི་སྲིད་ཅེས་བརྗོད་འདུག 


སྤྱི་ཚེས་26ཉིན་ཕ་ལེ་སི་ཐན་དབྱི་སི་ལན་བསྟན་སྲུང་སྒྲིག་འཛུགས་ཅེ་ཧ་ཏེས་ཀྱང་གསལ་བསྒྲགས་སྤེལ་ནས། ཐེ་རོན་ཕུའི་འཆར་གཞི་དེའི་དམིགས་ཡུལ་ནི་བཙན་ཤེད་ཀྱིས་ཀ་ཧྲ་ཡི་མི་དམངས་རྣམས་རང་ཉིད་ཀྱི་ས་ཆ་དང་ཁ་འབྲལ་དུ་འཇུག་རྒྱུ་དེ་རེད། དེ་ནི་“དམག་འཁྲུག་གི་ཉེས་གསོག”དང“མིའི་རིགས་ལ་རྒོལ་བའི་ཉེས་གསོག”སྐུལ་སློང་བྱས་པ་ཞིག་ཡིན་པས། ཕ་ལེ་སི་ཐན་གྱི་མི་དམངས་དང་དེའི་འདོད་བློ་དང་ཁེ་དབང་ལ་ཁས་ལེན་མ་བྱས་པ་ཞིག་རེད་ཅེས་རྒོལ་གཏམ་བཏང་ཡོད་པ་རེད།
སྤྱི་ཚེས་26ཉིན་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས། ཀ་ཧྲ་ཡི་མི་དམངས་ས་ཆ་གཞན་དུ་སྤོ་རྒྱུའི“འཆར་གཞི་གང་རུང”ལ་ངོ་རྒོལ་དང་རྒོལ་གཏམ་གཏོང་རྒྱུ་ཡིན། ཕ་ལེ་སི་ཐན་མི་དམངས་ཀྱིས་ཁོ་ཚོའི་བླ་ན་མེད་པའི་ས་ཆ་འདོར་མི་སྲིད་ཅེས་བརྗོད་ཡོད། ཨ་པ་སིའི་སྐད་ཆ་འདིའི་ནང་ཐེ་རོན་ཕུའི་མིང་དམིགས་བསལ་དུ་བཏོན་མེད།       
སྤྱི་ཚེས་25ཉིན་ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན།    ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། རང་ཉིད་དང་ཅོར་ཏན་གྱི་རྒྱལ་པོས་བག་གནས་འཆར་གཞི་ཞིག་ལ་གྲོས་བསྡུར་བྱས་པ་སྟེ། སྡོད་ཁང་བསྐྲུན་ནས་ཕ་ལེ་སི་ཐན་པ་ཁྲི་100ལྷག་ཙམ་རྒྱལ་ཁབ་གཞན་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་ཞེས་བརྗོད་ཡོད། སྤྱི་ཚེས་26ཉིན་དབྱི་སི་རལ་གྱི་གཡས་ལྷུང་མི་སྣ། ནོར་སྲིད་པུའི་པུའུ་ཀྲང་སི་མོ་ཐེ་ལི་ཧོ་ཡིས་གསལ་བསྒྲགས་སྤེལ་ནས། ཐེ་རོན་ཕུའི་བསམ་ཚུལ་དེར་རྒྱབ་སྐྱོར་བྱ་ཚུལ་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章