གསེར་གྱི་རིན་གོང་ཆེས་ཆེར་འཕར་ནས་ཟིན་ཐོ་གསར་པ་བཏོད།
ཟླ་དང་པོའི་ཚེས་སུམ་ཅུ་ཉིན་རྒྱལ་སྤྱིའི་གསེར་གྱི་རིན་གོང་ཆེས་ཆེར་འཕར་ཡོད། ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་ད་ཡོད་གསེར་གོང་མཐོ་ཤོས་སུ་ཨང་སི་རེར་ཨ་སྒོར་2799.86བར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། COMEXགསེར་གྱི་དུས་བཅད་ཚོང་ཟོག་མཐོ་ཤོས་སུ་ཨང་སི་རེར་ཨ་སྒོར་2859.5འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད། ཚེས་སོ་གཅིག་ཉིན་རྒྱལ་ནང་གི་གསེར་ཚོང་ཁང་མང་པོ་ཞིག་གི་གསེར་གྱི་རྒྱན་ཆའི་རིན་གོང་ཁེ་རེར་སྒོར་846ཟིན་ཡོད་པ་རེད།
དབྱེ་ཞིབ་བྱས་པ་ལྟར་ན། ཨ་རིའི་ཐེ་རོན་ཕུའུ་སྲིད་གཞུང་གིས་ཚོང་དོན་རོགས་ཟླ་གཙོ་བོའི་ས་ནས་སྒོ་ཁྲལ་སྣོན་བསྡུ་བྱས་པ་དེས་ཚོང་དོན་འགལ་ཟླ་འབྱུང་སྲིད་པ་དང་། དེའི་ཐོག་གོ་ལ་ཧྲིལ་པོའི་ས་ཁོངས་གདོང་ཐུག་ལས་བྱུང་བའི་ངེས་གཏན་མིན་པའི་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་མ་འཇོག་བྱེད་མཁན་ཁག་ཅིག་གིས་གསེར་གྱི་ཉེན་འགོག་ངོ་བོ་དང་འཕར་བའི་བར་མཐོངས་ལ་མུ་མཐུད་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་རེད།
དེ་དང་ཆབས་ཅིག དཔྱིད་གསར་དུས་ཆེན་སླེབས་པ་དང་བསྟུན་ནས་མི་རྣམས་ཀྱིས་ལོ་གསར་དུ་གསེར་ཉོ་མཁན་ཇེ་མང་དུ་ཕྱིན་པས། གསེར་འཛད་སྤྱོད་ཁྲོམ་ར་སྲོལ་རྒྱུན་གྱི་ཚོང་བྲིན་པའི་དུས་ལ་སླེབས་ཡོད་པ་རེད།
ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།