ཉིན་གུང་གཉིད་ཉལ་བའི་དུས་ཡུན་འཚམ་ཤོས་འདི་རེད་འདུག

文化   2025-01-16 09:00   四川  
ངལ་གསོའི་སྙན་གཞས་འོས་སྦྱོར།

ཉིན་གུང་གཉིད་ཉལ་རྒྱུ་ནི་མི་མང་པོ་ཞིག་གི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་གོམས་གཤིས་སུ་གྱུར་ཡོད། ཞིབ་འཇུག་གསར་ཤོས་ལས་མངོན་པར།  རྒྱུན་པར་ཉིན་གུང་གཉིད་ཉལ་བའི་མིའི་ཀླད་པ་ཉམས་ཚད་དེ་བས་འགོར་བ་ཡོད། འོ་ན། ཉིན་གུང་གཉིད་ཉལ་བའི་དུས་ཡུན་འཚམ་ཤོས་དེ་ག་ཚོད་ཡིན་ནམ། ཉིན་གུང་གཉིད་ཉལ་ན་དོ་སྣང་བྱེད་དགོས་ས་ག་རེ་ཡོད་དམ་ཞེ་ན།


ཉིན་གུང་གཉིད་ཉལ་བའི་དུས་ཚོད་སྐར་མ་30ལས་བརྒལ་མི་རུང་། 

2023ལོའི་ཟླ་4པར། ཞིབ་འཇུག་བྱས་པ་ལས་མངོན་པར། ཉིན་གུང་གཉིད་ཉལ་བའི་དུས་ཡུན་འཚམ་ཤོས་ནི་སྐར་མ་30ཡི་ནང་ཚུན་ཡིན། གང་ལགས་ཤེ་ན། ཉིན་གུང་གཉིད་མི་ཉལ་བའི་མི་དང་བསྡུར་ཚེ། གཉིད་ཉལ་བའི་དུས་ཡུན་སྐར་མ་30ལས་བརྒལ་བའི་མིའི་ལུས་པོར་བརྗེ་ཚབ་རྟགས་འདུས་ནད་འབྱུང་བའི་ཉེན་ཁ་41%མཐོ་རུ་འགྲོ་སྲིད་པ་དང་།  ལྷག་པར་དུ་རྐེད་པ་དང་། དེ་བཞིན་ཁྲག་མངར་དང་ཁྲག་ཤེད་ཐད་ཀྱི་ནད་གཞི་འབྱུང་ཉེན་ཆེ་བ་ཡོད། འོན་ཀྱང་། ཉིན་གུང་གཉིད་ཉལ་བའི་དུས་ཡུན་སྐར་མ་30ལས་མི་བརྒལ་ཚེ།  དེའི་ཐད་ཀྱི་བདེ་ཐང་ཉེན་ཁ་མེད་པ་མ་ཟད། ཁྲག་ཤེད་ཐད་དེ་བས་མངོན་གསལ་དོད་པོ་ཡོད། གཞན་ཡང་ཉིན་གུང་དུས་ཡུན་རིང་པོར་གཉིད་ཉལ་ན་བདེ་ཐང་ལ་གནོད་འཚེ་བཟོ་སྲིད། 2024ལོའི་ཟླ་6པར། 《ཡོ་རོབ་གླིང་གི་དབང་རྩའི་ནད་རིག་པའི་དུས་དེབ》ཐོག་གི་ཞིབ་འཇུག་ཅིག་ལས་མངོན་པར། ཁྲག་ཤེད་མཐོ་བའི་ནད་པ་ཡིན་ཚེ། ཉིན་གུང་གཉིད་ཉལ་བའི་དུས་ཡུན་དེ་སྐར་མ་30ལས་བརྒལ་མི་རུང་སྟེ། ཉལ་ཡུན་རིང་དྲགས་ན་གྲིབ་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།  ཉིན་གུང་གཉིད་ཉལ་བའི་དུས་ཡུན་སྐར་མ་1ནས་30བར་ཡིན་མཁན་དང་བསྡུར་ན།  གཉིད་ཉལ་བའི་དུས་ཡུན་སྐར་མ་31ནས་60བར་ཡིན་པའི་མི་དེ་དག་ལ་གྲིབ་ནད་ཕོག་པའི་ཉེན་ཁ་27%མཐོ་རུ་འགྲོ་བ་དང་། གཉིད་ཉལ་བའི་དུས་ཡུན་སྐར་མ་60ལས་བརྒལ་མཁན་ལ་གྲིབ་ནད་ཕོག་པའི་ཉེན་ཁ་37%མཐོ་རུ་འགྲོ་གི་ཡོད། 


རྒྱུན་པར་ཉིན་གུང་གཉིད་ཉལ་བའི་མིའི་ཀླད་པ་ཉམས་ཚད་འགོར་དུ་འགྲོ་སྲིད། 

2024ལོའི་ཟླ་11ཚེས་21ཉིན།《ཚན་རིག》ཅེས་པའི་ཐོག་སྤེལ་བའི་ཞིབ་འཇུག་བྱས་འབྲས་ཤིག་ལས་མངོན་པར། གཉིད་སྐར་མ་30ཉལ་ཚེ། མིའི་ཀླད་ཆེན་གྱི་ཤེས་རྟོགས་ནུས་པ་ཆེ་རུ་འགྲོ་ཐུབ་པ་དང་ཀླད་ཆེན་གྱི་རྣམ་པ་ཡག་ཤོས་ཀྱི་ཚད་དུ་སླེབས་ཐུབ།  དེས་ན། རྒྱུན་དུ་ཉིན་གུང་གཉིད་ཉལ་མཁན་གྱི་ཀླད་ཆེན་གྱི་སྤྱིའི་ཤོང་ཚད་དེ་བས་ཆེ་བ་ཡོད། དེ་ཡང་ཀླད་ཆེན་གྱི་ཤོང་ཚད་ཉམས་ཚད་ལོ་2.6~6.5བར་འགོར་དུ་ཕྱིན་པ་དང་གཅིག་མཚུངས་ཡིན།



ཉིན་གུང་གཉིད་འོས་འཚམ་ཉལ་ན། ད་དུང་ཕྱོགས་འདི་དག་ལ་ཕན་ཐོགས་ཡོད།


■རྒན་རྒོན་གྱི་གླེན་ནད་སྔོན་འགོག་ནུས་ལྡན་བྱེད་ཐུབ།

  2021ལོའི《ཕྱོགས་བསྡུས་སེམས་ཁམས་གསོ་རིག》ཅེས་པའི་ཐོག་སྤེལ་བའི་ཞིབ་འཇུག་བྱས་འབྲས་ཤིག་ལས་མངོན་པར། ཉིན་གུང་གཉིད་ན་རྒན་རྒོན་གྱི་གླེན་ནད་སྔོན་འགོག་ནུས་ལྡན་བྱེད་ཐུབ་པ་མ་ཟད། ཆོས་ཉིད་ལྡན་པའི་སྒོ་ནས་ཉིན་གུང་གཉིད་ན་བསམ་གཞིགས་ཀྱི་ཚོར་བ་རྣོན་དུ་འགྲོ་ཐུབ།


■སྙིང་ཁམས་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ། 

2019ལོར《སྙིང་ཁམས》ཞེས་པའི་དུས་དེབ་ཀྱི་དྲ་ཐོག་པར་གཞིའི་ཐོག་སྤེལ་བའི་ཞིབ་འཇུག་བྱས་འབྲས་ཤིག་ལས་ཤེས་ཐུབ་པར། མཚམས་རེར་ཉིན་གུང་གཉིད་ཉལ་བའི་མི(གཟའ་འཁོར་རེར་ཐེངས་1ནས་2བར་)དང་ཉིན་གུང་གཉིད་མི་ཉལ་བའི་མི་དེ་དག་བསྡུར་ཚེ། གཉིད་ཉལ་བའི་མིར་གྲིབ་ནད་དང་སྙིང་གི་ནད་གཞི་འབྱུང་བའི་ཉེན་ཁ་48%ཆུང་བ་ཡོད།


■སེམས་ཁམས་སྙོམས་སྒྲིག་བྱེད་པར་ཕན་ཐོགས་ཡོད།

ཉིན་མོར་གཉིད་ཁྱུག་ཙམ་ཉལ་ན་སེམས་ཁམས་སྙོམས་སྒྲིག་ཐུབ་ཀྱི་ཡོད་པས། ཉིན་གུང་གཉིད་རྗེས་ཀྱི་སེམས་ཁམས་ལེགས་སུ་གཏོང་ཐུབ།   2010ལོར《སྨྱོ་ནད་རིག་པ་དང་ནད་ཐོག་དབང་རྩ་རིག་པ》ཞེས་པའི་ཐོག་སྤེལ་བའི་ཞིབ་འཇུག་བྱས་འབྲས་ཤིག་ལས་ཤེས་ཐུབ་པར།  ཉིན་གུང་གཉིད་རྗེས་རིག་པ་དྭངས་གསལ་དུ་འགྲོ་ཐུབ་ཅིང་། སྤྲོ་སྣང་རྒྱས་པ་དང་སེམས་ཁམས་ལྷོད་པོར་གྱུར་ཚད་མངོན་གསལ་དོད་པོས་ཡག་པ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།



【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章