ཚང་མས་གཟབ་གཟབ་བྱོས། ཆམ་པ་མང་ཆེ་བ་ཆམ་རིམས་ཀ་པ་རེད་འདུག

文化   2025-01-07 15:20   四川  

ཚང་མས་གཟབ་གཟབ་བྱོས།  ཆམ་པ་མང་ཆེ་བ་ཆམ་རིམས་ཀ་པ་རེད་འདུག


ཉེ་ཆར་ས་ཆ་མང་པོར་ཆམ་རིམས་འབྱུང་བཞིན་ཡོད་ལ། ཀྲུང་གོ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཞི་གྲངས་གསར་པ་ལྟར་ན། མིག་སྔར་ཆམ་རིམས་ནད་དུག་གདགས་གཤིས་སུ་འགྱུར་བའི་ཚད་མུ་མཐུད་དུ་མཐོ་རུ་འགྲོ་བཞིན་ཡོད་པ་དང་། དེའི་ནང་བརྒྱ་ཆའི་གོ་དགུ་ཡན་ཆམ་རིམས་ཀ་པ་རེད། རྒྱལ་ཡོངས་ཀྱི་ས་གནས་མང་པོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། དབུགས་ལམ་དང་རྒྱུ་མའི་འགོས་ནད་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་གནང་པ་རེད།

རྒྱལ་ཡོངས་སུ་ཆམ་རིམས་ནད་དུག་གདགས་གཤིས་སུ་འགྱུར་ཚད་མགྱོགས་པོར་འཕར།

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།

དམིགས་བསལ་བརྟག་དཔྱད་སྨན་ཁང་གི་སྒོ་བསྟེན་དང་མྱུར་བསྟེན་བརྟག་དཔྱད་ལས་གདགས་གཤིས་ནད་གཞི་གཙོ་བོ་ནི་ཆམ་རིམས་ནད་དུག་དང་། གློ་བའི་ནད་དུག སྣའི་ནད་དུག་བཅས་རེད།

སྨན་ཁང་དུ་སྡོད་པའི་མྱུར་གཤིས་དབུགས་ལམ་གྱི་འགོས་ནད་ཚབས་ཆེན་གྱི་ནད་དཔེ་ལ་ཞིབ་དཔྱད་ཚད་ལེན་ལས་གདགས་གཤིས་མངོན་པའི་ནད་གཞི་གཙོ་བོ་ནི་ཆམ་རིམས་ནད་དུག་དང་། གློ་ཚད།  གློ་བའི་ནད་དུག་བཅས་ཡིན། 

ཅི་ཞིག་ལ་ཆམ་རིམས་ཀ་པ་ཟེར། ཆམ་རིམས་ཀ་པ་ཕོག་ན་ནད་རྟགས་གང་དག་ཡོད། ཁྱིམ་དུ་ཆམ་རིམས་ནད་པ་བྱུང་ན་ཅི་ལྟར་བྱ་དགོས། མྱུར་དུ་གཟིགས་དང་།

ཅི་ཞིག་ལ་ཆམ་རིམས་ཀ་པ་ཟེར།

ཆམ་རིམས་ཀ་ཅན་གྱི་བསྡུས་མིང་ལ་ཆམ་རིམས་ཀ་པ་ཟེར། དེ་ནི་ཆམ་རིམས་ཀ་ཅན་གྱི་ནད་དུག་ལས་བྱུང་བའི་མྱུར་གཤིས་དབུགས་ལམ་གྱི་འགོས་ནད་ཅིག་ཡིན། ཆམ་རིམས་ནད་དུག་ལ་ཀ་པ་དང་། ཁ་པ། ག་པ། ང་པ་བཅས་རིགས་བཞི་ལ་དབྱེ་ཡོད། དེའི་ནང་གི་ཆམ་རིམས་ཀ་པ་འགོས་ཤོས་ཆེས་ཆེ་ཞིང་གཞན་འགྱུར་འབྱུང་སླ་བ་དེ་ཡིན། ཧ་ལམ་ཆམ་རིམས་འགོས་ཁྱབ་བྱུང་བ་དེ་དག་ཆམ་རིམས་ཀ་པའི་ནད་དུག་གིས་བསྐྱེད་པ་རེད། 

ཆམ་རིམས་ཀ་པ་འགོས་རྗེས། གཙོ་བོ་གློ་བུར་དུ་ཚ་རྒྱག་པ་དང་། རྒྱུན་དུ་གློ་ལུ་དང་མིད་པ་ན་པ། སྣ་འགག་པ། མིག་ཆུ་བཞུར་བ་སོགས་དབུགས་ལམ་གྱི་ནད་རྟགས་འབྱུང་ལ། མགོ་ན་པ་དང་ཤ་གནད་ན་བ་སོགས་ལུས་ཡོངས་མི་བདེ་བ་དང་། ནད་པ་ཁ་ཤས་ལ་ཕོ་རྒྱུ་མི་བདེ་བའི་ཚོར་བ་འབྱུང་སྲིད། 

ཆམ་རིམས་ཀ་པ་དང་སྤྱིར་བཏང་གི་ཆམ་ནད་ལ་མི་འདྲ་ས་ཅི་ཞིག་ཡོད།

སྤྱིར་བཏང་གི་ཆམ་ནད། སྣའི་ནད་དུག་སོགས་ནད་དུག་སྣ་ཚོགས་ཀྱིས་བྱུང་པ་དང་། འགོས་སླ་མོ་མེད་ལ། ནད་ལ་དུས་ཚིགས་ཀྱི་ཁྱད་ཆོས་མངོན་གསལ་མེད། ནད་རྟགས་ལ་སྣ་འགག་པ་དང་། མིག་ཆུ་བཞུར་བ། ཧབ་སྦྲིད་རྒྱག་པ། གློ་ལུ་སོགས་ཡོད། སྤྱིར་བཏང་དུ་ཚ་བ་མི་འབྱུང་བའམ་ཚ་ཅུང་ཙམ་རྒྱག་ལ། ལུས་ཡོངས་རང་བཞིན་གྱི་ནད་རྟགས་མེད་པས། ཉིན་ལྔ་ནས་བདུན་བར་དུ་རང་སོས་ཐུབ་ལ། ཞོར་ཐོན་ནད་འབྱུང་རྒྱུ་དེ་འདྲ་མེད།

ཆམ་རིམས་ཀ་པ། དེ་དང་བསྡུར་ན། ཆམ་རིམས་ཀ་པའི་འགོས་ཤོས་ཆེ་བས། ཁྱབ་ཁོངས་ཆེན་པོར་ཁྱབ་སླ་བ་དང་། ནད་ཕོག་པའི་དུས་ཚིགས་ཀྱི་ཁྱད་ཆོས་མངོན་གསལ་ཡིན། ནད་པའི་ནད་རྟགས་ལ་ཚ་ཆེན་པོ་རྒྱག་པ་དང་མགོ་ན་པ། ཐང་ཆད་པ། ལུས་ཡོངས་ཀྱི་ཤ་གནད་ན་བ་སོགས་ཡོད། 

ཆམ་རིམས་ཀ་པར་ཚོད་འཛིན་རང་བཞིན་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་ཞོར་སྐྱོན་ནད་གཞི་གཞན་དག་འབྱུང་སླ་བ་སྟེ། དེའི་ནང་དུ་གློ་ཚད་དང་། དཀྱིལ་རྣ་ཚད། སྙིང་ཤའི་ཚ་ཚད། ཀླད་སྐྱིའི་ཚ་ཚད་སོགས་ཞོར་སྐྱོན་ནད་གཞི་ཚབས་ཆེན་འབྱུང་སྲིད།

མ་པ་ལོ་ཧྲ་ཝེ་(玛巴洛沙韦)དང་ཨོ་སི་ཐ་ཝེ་(奥司他韦)གཉིས་ལ་ཁྱད་པར་ཅི་ཞིག་ཡོད། 

ཨོ་སི་ཐ་ཝེའི་ནུས་པ་གཙོ་བོ་ཅི་ཞིག་ཡིན། ཨོ་སི་ཐ་ཝེ་རང་གིས་འཐུང་ན་ཆོག་གམ། 

ཨོ་སི་ཐ་ཝེ་ནི་ཆམ་རིམས་ཀ་པ་དང་ཁ་པ་ལ་ནད་དུག་འགོག་པའི་གྲུང་གཤིས་ལྡན་པའི་སྨན་རྫས་ཤིག་ཡིན། དེས་ནད་དུག་དེ་འགོས་ནད་ཐེབས་པའི་ཕྲ་ཕུང་ཁྲོད་ནས་ཕྱིར་ཁྱབ་པར་ཚོད་འཛིན་བྱས་ཏེ། ནད་དུག་ཁྱབ་མཆེད་ཇེ་ཉུང་དུ་གཏོང་ཐུབ། ཆེད་མཁས་པས་ཨོ་སི་ཐ་ཝེས་ཆམ་ནད་ཀྱི་ནད་དུག་རིགས་གཞན་ལ་ཕན་པ་མེད་པ་དང་། གལ་ཏེ་ཆམ་ནད་ཀྱི་ནད་རྟགས་ཐོན་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་བརྟག་དཔྱད་བྱས་རྗེས་གང་མགྱོགས་སྨན་སྤྱོད་དགོས་པ་བསྟན་ཡོད།

ཨོ་སི་ཐ་ཝེར་སྨན་རྫས་ལ་རིགས་མི་འདྲ་བ་ཁ་ཤས་ཡོད་དེ། སྤྱིན་ཐུམ་རིལ་བུ་དང་བསྲེས་དཔྱང་གཤེར་ཁུ་སོགས་ཡོད། ལོ་ཚོད་མི་འདྲ་བའི་མི་དང་འཚམ་པ་དང་། ལོ་གཅིག་མན་གྱི་ཕྲུ་གུ་དམར་འབྱར་གྱིས་བསྲེས་དཔྱང་སྨན་རྫས་ཁོ་ན་མ་གཏོགས་སྤྱོད་མི་ཆོག ཨོ་སི་ཐ་ཝེ་ནི་སྨན་ཡིག་ལྟར་ཉོ་དགོས་པའི་སྨན་ཞིག་ཡིན་ལ། ཆམ་རིམས་ཀ་པ་སྔོན་འགོག་དང་སྨན་བཅོས་བྱེད་པར་བཀོལ་སྐབས། ངེས་པར་དུ་སྨན་པའམ་སྨན་སྟེར་མཁན་གྱི་མཛུབ་སྟོན་འོག་འཐུང་བ་ལས། རང་དགར་འཐུང་མི་ཆོག

མ་པ་ལོ་ཧྲ་ཝེ་དང་ཨོ་སི་ཐ་ཝེ་བར་ཁྱད་པར་ཅི་ཞིག་ཡོད།

ཆམ་རིམས་འགོས་པའི་མི་གྲངས་མང་དུ་ཕྱིན་པ་དང་ཆབས་ཅིག ཆམ་རིམས་འགོག་པའི་སྨན་རྫས་ཕྱིར་ཚོང་བྱེད་ཚད་ཀྱང་ཉེ་དུས་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་། ལྷག་པར་དུ་མིང་ལམ་པ་ལོ་ཧྲ་ཝེཞེས་པའི་སྨན་རྫས་ཤིག་ལ་ཚང་མས་དགའ་བསུ་བྱེད་ཀྱིན་འདུག

སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན།མ་པ་ལོ་ཧྲ་ཝེའི་ནུས་པའི་ལམ་སྲོལ་དང་ཨོ་སི་ཐ་ཝེ་གཉིས་མི་འདྲ།

མ་པ་ལོ་ཧྲ་ཝེ་ནི་ཆམ་རིམས་ནད་དུག་འགོག་པ་དང་། ལུས་སྟེང་དུ་ནད་དུག་ཕོག་པ་འགོག་ཐུབ། ཨོ་སི་ཐ་ཝེ་ནི་ནད་དུག་འགོས་པའི་ཕྲ་ཕུང་ཁྲོད་ནས་ཁྱབ་པར་ཚོད་འཛིན་བྱས་ཏེ། ནད་དུག་ཁྱབ་མཆེད་ཇེ་ཉུང་དུ་གཏོང་ཐུབ།

མ་པ་ལོ་ཧྲ་ཝེས་ཐེངས་གཅིག་ལ་སྨན་འཐུང་རྗེས་ཧ་ལམ་ཆུ་ཚོད་དོན་དགུ་ལ་གནས་ཐུབ་དགོས། ཨོ་སི་ཐ་ཝེའི་ཁྲག་སྨན་གྱི་གར་ཚད་མར་ཆག་པའི་དུས་ཡུན་ནི་སྤྱིར་བཏང་དུ་ཆུ་ཚོད་དྲུག་ནས་བཅུ་བར་ཡིན།

མ་པ་ལོ་ཧྲ་ཝེའི་ནད་ཀྱི་བརྒྱུད་རིམ་ཡོངས་ལ་སྨན་ཐེངས་གཅིག་ལས་སྤྲོད་མི་དགོས། ཨོ་སི་ཐ་ཝེས་ཉིན་རེར་ཐེངས་གཉིས་འཐུང་དགོས་པ་དང་བསྟུད་མར་ཉིན་ལྔ་འཐུང་དགོས།

མིག་སྔར་མ་པ་ལོ་ཧྲ་ཝེས་ལོ་ལྔ་ཡན་དང་ལུས་པོའི་ལྗིད་ཚད་སྤྱི་རྒྱ་ཉི་ཤུ་ཡན་གྱི་བྱིས་པ་དང་མི་དར་མར་སྤྱོད་པའི་ཆོག་མཆན་སྤྲད་ཡོད། ཨོ་སི་ཐ་ཝེའི་སྤྱིན་ཐུམ་སྨན་དང་རིལ་བུའི་སྨན་ནི་ལོ་གཅིག་ཡན་གྱི་བྱིས་པ་དང་མི་དར་མས་འཐུང་ཆོག སྐམ་བསྲེས་དཔྱང་སྨན་གྱི་བཀོལ་སྤྱོད་ལོ་ཚོད་ནི་དེ་བས་ཆུང་བ་དང་། བྱིས་པ་རྣམས་ཀྱི་ལུས་པོའི་ལྗིད་ཚད་ལ་གཞིགས་ནས་སྨན་རྫས་ཀྱི་ཚད་རྩིས་རྒྱག་དགོས།

སྨན་པས་དྲན་སྐུལ་བྱས་པ་ལྟར་ན། ཕྲུ་གུ་དམར་འབྱར་ལ་འགོས་ནད་བྱུང་རྗེས། སྔོན་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་། སྨན་པའི་མཛུབ་སྟོན་འོག་སྨན་སྤྱོད་དགོས། མངལ་སྦྲུམ་པའི་དུས་དང་ནུ་མ་བསྣུན་བཞིན་པའི་ནད་པ་ཚང་མས་སྔོན་ལ་སྨན་སྤྱོད་བདེ་འཇགས་གནད་དོན་ལ་བསམ་བློ་གཏོང་དགོས། 

ཁྱིམ་དུ་ཆམ་རིམས་ཀ་པའི་ནད་པ་བྱུང་ན་ཅི་ལྟར་བྱ་དགོས།  

ནད་པ་ཁྱིམ་དུ་ངལ་གསོ་བྱེད་དགོས། ཁང་པ་ཁེར་རྐྱང་དུ་སྡོད་གང་ཐུབ་བྱས་ཏེ། ཁང་བའི་ནང་རླུང་རྒྱུ་བ་རྒྱུན་འཁྱོངས་བྱས་ནས་ཐུན་མོང་དུ་སྡོད་མཁན་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་ཉུང་དུ་གཏོང་དགོས།

ནད་པས་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། དབུགས་ལམ་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། གློ་ལུ་དང་ཧབ་སྦྲིད་བྱེད་སྐབས་ཤོག་བུ་དང་བག་རས་སོགས་ཀྱིས་ཁ་སྣ་འགབ་དགོས།

ནད་པ་དང་ཁྱིམ་ཚང་གི་ཁོངས་མིའི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་དམ་ཟབ་བྱེད་དགོས། ནད་པའམ་ཁྱིམ་ཚང་གི་ཁོངས་མི་གཞན་དག་ལ་མུ་མཐུད་དུ་ཚ་བ་རྒྱག་པ་དང་། གློ་ལུ་དྲག་པོ་རྒྱག་པ། དབུགས་འབྱིན་རྔུབ་དཀའ་བ། རྣམ་རིག་ཉམས་པ། སྐྱུག་པ། བཤལ་བ་སོགས་ནད་ལྕི་བའི་ནད་རྟགས་མངོན་ན། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ཆམ་རིམས་ཀྱི་ཉེན་ཁ་ཆུང་བའི་ཁྱིམ་མི་ཞིག་གིས་ནད་པར་ལྟ་སྐྱོང་གང་ཐུབ་བྱེད་པ་དང་། ནད་པ་དང་འབྲེལ་འདྲིས་བྱེད་སྐབས་ཁ་རས་གྱོན་དགོས། 

མི་སྒེར་གྱི་འགོག་སྲུང་དང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་ཡག་པོ་བྱེད་དགོས།

རྒྱུན་ལྡན་དུ་ལག་པའི་འཕྲོད་བསྟེན་དང་གློ་ལུ་བྱེད་པའི་གུས་ལུགས་སོགས་འཕྲོད་བསྟེན་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས།

ཆམ་རིམས་མཆེད་པའི་དུས་སུ། མི་ཚོགས་འདུ་འཛོམས་བྱ་ཡུལ་དུ་མི་འགྲོ་བ་དང་དབུགས་ལམ་གྱི་ནད་རྟགས་ཡོད་པའི་མི་དང་འབྲེལ་འདྲིས་བྱེད་མི་ཉན།

སྡོད་གནས་ལ་དུས་བཀག་ལྟར་གཙང་སྦྲ་དང་རླུང་རྒྱུ་བ་བྱེད་དགོས་པ་དང་། སྒོ་ལུང་དང་ལག་སྐྱོར་སོགས་ལ་དུས་བཀག་ལྟར་གཙང་སྦྲ་དང་དུག་སེལ་བྱེད་དགོས། 

འདུ་འཛོམས་བྱ་ཡུལ་དུ་འགྲོ་བའམ་ཡང་ན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་སྐབས། ནད་པ་དང་རོགས་པས་ཁ་རས་གྱོན་ནས་འགོས་ནད་འགོས་པར་སྔོན་འགོག་བྱེད་དགོས།

ལྷག་པར་དུ་རྒན་རྒོན་རྣམས་རླུང་རྒྱུ་བ་མི་ལེགས་པའི་སྤྱི་སྤྱོད་བྱ་ཡུལ་དུ་མི་འགྲོ་བ་དང་། ཕྱི་ལ་འགྲོ་སྐབས་ཁ་རས་གྱོན་པའི་གོམས་གཤིས་ཆགས་སུ་འཇུག་དགོས། 

རྒྱུན་ལྡན་གྱི་འཚོ་བཅུད་ལ་དོ་སྣང་བྱས་ནས་བདེ་ཐང་གི་འཚོ་བ་རྒྱུན་འཁྱོངས་བྱེད་དགོས།

བཟའ་བཏུང་ཆོས་ཉིད་དང་འཚོ་བཅུད་གནད་ལ་འཁེལ་བ། གཉིད་འདང་ངེས་དང་ངལ་རྩོལ་ཟུང་འབྲེལ་བྱེད་པ། སྦྱོང་བརྡར་རྒྱུན་འཁྱོངས་བྱས་ནས་ལུས་ཕུང་ཇེ་བཟང་གཏོང་དགོས།  སེམས་ཁམས་ལྷིང་འཇགས་དང་སྤྲོ་སྣང་ལྡན་ལ་ཧུར་བརྩོན་བྱེད་དགོས།

ཆམ་རིམས་འགོག་སྨན་གང་མགྱོགས་རྒྱག་དགོས།

ཆམ་རིམས་འགོག་སྨན་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། ཆམ་རིམས་མཆེད་པའི་དུས་ཚིགས་ཀྱི་སྔོན་ལ་མི་ཚོགས་ལ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་སྔོན་འགོག་བྱས་ན། རིམས་འགོག་སྨན་ཁབ་རྒྱག་མཁན་ལ་ཆམ་རིམས་འགོས་པའི་སྲིད་ཕྱོད་ཆུང་དུ་གཏོང་བའམ་ཡང་ན་ཆམ་རིམས་ཀྱི་ནད་རྟགས་ཇེ་ཆུང་དུ་གཏོང་ཐུབ།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#རིས་མེད་ཕན་ཚུན་བསྟོད་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章