ཆམ་རིམས་མཆེད་པའི་དུས་སུ། སྨན་ཇི་ལྟར་བཀོལ་དགོས་སམ།

文化   2025-01-14 08:32   四川  
ངལ་གསོའི་སྙན་གཞས་འོས་སྦྱོར།

ཚེས་12ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། དབུགས་ལམ་འགོས་ནད་འགོག་བཅོས་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་འདུག ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་འཕྲལ་བཅོས་ནད་པའི་གྲངས་འབོར་ཚད་གཞི་ངེས་ཅན་ཞིག་འཕར་བའི་རྣམ་པ་མངོན་ཡོད་ནའང་། སྤྱིའི་ཆ་ནས་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་ལས་དམའ་བ་དང་། སྨན་བཅོས་ཐོན་ཁུངས་དཀོན་པའི་གནས་ཚུལ་ཡང་ཐོན་མེད་པ་རེད། 


ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འགོས་ནད་གསར་པ་ཐོན་མེད་ཅེས་བསྟན་པ།

ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝང་ལི་ཕིང་གིས། རང་རྒྱལ་གྱི་ཆམ་རིམས་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། མིག་སྔར་གཙོ་བོ་ཆམ་རིམས་ཀ་པ་མཆེད་བཞིན་ཡོད་པ་དང་། ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་རྒྱལ་ཁབ་ཆམ་རིམས་ལྟེ་གནས་ཀྱིས་ཉེ་དུས་དབྱེ་འབྱེད་བྱས་པའི་ཆམ་རིམས་ཀ་པའི་ནད་དུག་ལ་གདོད་འགོག་རང་བཞིན་གྱི་དབྱེ་ཞིབ་བྱས་པ་བརྒྱུད། ད་ལོའི་ཆམ་རིམས་འགོག་པའི་སྨན་ཁབ་ཀྱི་འཚམ་ཚད་ལེགས་པོ་ཡོད་པ་དང་རིམས་འགོག་སྨན་ཁབ་བརྒྱབ་ན་ཕན་ནུས་ལྡན་པ་དང་། སྨན་རྫས་ཀྱིས་ཕན་ནུས་ཐོན་བཞིན་ཡོད་ཅེས་བསྟན་འདུག 

ཆམ་རིམས་ནི་སྤྱིར་བཏང་གཟའ་འཁོར་1ནས་2བར་རང་བཞིན་སྒོ་ནས་དྲག་སྐྱེད་འབྱུང་ཐུབ།  གལ་ཏེ་ཚ་བ་རྒྱས་པ་དང་། གློ་ལུ་དྲག་པོ་རྒྱག་པ། དབུགས་འབྱིན་རྔུབ་དཀའ་བ། བློ་རིག་མི་གསལ་བ། སྐྱུག་པ། བཤལ་བ་སོགས་ནད་གཞི་ལྕི་པོར་གྱུར་ཚེ། དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།

སྦྲུམ་མ་དང་། བྱིས་པ། རྒན་རྒོན། དེ་བཞིན་གཅོང་ནད་ཕོག་པའི་ནད་པ་སོགས་ཆམ་རིམས་ཕོག་ཉེན་ཆེ་བའི་མི་ཚོགས་ལ་ཆམ་རིམས་ཕོག་རྗེས་ནད་གཞི་ལྕི་པོར་འགྱུར་སླ་བས། མྱུར་དུ་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།



དབུགས་ལམ་ནད་རིགས་དང་འབྲེལ་བའི་སྨན་རྫས་སྤྱིའི་ཆ་ནས་མཁོ་སྤྲོད་འདང་ངེས་ཡོད།

ཉེ་ཆར་ཆམ་རིམས་སོགས་དབུགས་ལམ་གྱི་ནད་རིགས་འབྱུང་མང་བས། མང་ཚོགས་ཀྱི་སྨན་རྫས་སྤྱོད་ཚད་མངོན་གསལ་དོད་པོས་ཇེ་མང་དུ་འགྲོ་བཞིན་ཡོད།བཟོ་ལས་དང་ཆ་འཕྲིན་ཅན་པུའི་འབྲེལ་ཡོད་འགན་འཁུར་བས།   སྤྱིའི་ཆ་ནས་མཁོ་སྤྲོད་འདང་ངེས་དང་ཁྲོམ་ར་བརྟན་པོ་ཡོད་ཅེས་བསྟན་ཡོད། དཔེར་ན། ལིན་སོན་ཨའོ་སི་ཐ་ཝེ་磷酸奥司他韦ཞེས་པའི་སྨན་རྫས་དེ་ཉིན་རེར་མི་ཁྲི་156གིས་སྤྱོད་ཆོག་པའི་གྲངས་འབོར་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་།  སྨན་རྫས་དེ་རིགས་མི་ཁྲི་4700ཡིས་སྤྱོད་པའི་གྲངས་འབོར་ལས་བརྒལ་བ་ཉར་ཡོད།  དེའི་ནང་བྱིས་པར་སྤྱོད་པའི་སྨན་རིགས་མི་ཁྲི་1600ལས་བརྒལ་བ་དང་། ལན་ཧྭ་ཆིང་ཝུན་连花清瘟ཞེས་པའི་སྨན་རྫས་ཉིན་རེར་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་1.2ཟིན་པ་དང་སྨན་རྫས་སྒམ་ཁྲི་8600ལས་བརྒལ་བ་ཉར་ཡོད། པུའུ་ལུའོ་ཧྥུན་布洛芬ཞེས་པའི་སྨན་རྫས་ཉིན་རེའི་ཐོན་ཚད་དུང་ཕྱུར་1.5ཟིན་པར་མ་ཟད། ད་དུང་ཐོན་སྐྱེད་རྒྱ་ཆེར་གཏོང་བའི་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད།


ཆམ་རིམས་འགོག་པའི་སྨན་རྫས་དེ་དག་གང་བྱུང་དུ་སྤྱོད་མི་རུང་བ་དང་། བྱིས་པར་གློ་འཇགས་སྨན་རྫས་གང་བྱུང་སྟེར་མི་རུང་།

རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིང་བྱིས་པའི་སྨན་ཁང་གི་ཀྲུའུ་རེན་སྨན་པ་ཞུས་པའོ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆམ་རིམས་འགོག་པའི་སྨན་རྫས་ནི་སྨན་ཐོ་འགོད་དགོས་པའི་སྨན་རྫས་ཀྱི་རིགས་ཡིན་པས། གལ་ཏེ་ཆམ་རིམས་ཕོག་ཚེ་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱས་ནས་སྨན་པའི་སྨན་ཐོ་ལྟར་སྨན་རྫས་སྤྱོད་དགོས་ཀྱི་ཡོད། ཆམ་རིམས་ཐོག་མར་ཕོག་སྐབས་ནད་དུག་འགོག་པའི་སྨན་བཀོལ་སྤྱོད་བྱས་ཚེ་ནད་དུག་བསྐྱར་དཔར་དང་ཁྱབ་མཆེད་ལ་ཚོད་འཛིན་བྱེད་ཐུབ་པ་དང་། ནད་ཡུན་ཇེ་ཐུང་དུ་གཏོང་ཐུབ་པར་མ་ཟད། ཆམ་རིམས་ཀྱི་རྐྱེན་པས་ནད་གཞི་ལྕི་པོར་འགྱུར་བར་སྔོན་འགོག་བྱེད་ཐུབ། ཡིན་ནའང་སྨན་ཐོ་བཀོལ་དགོས་པའི་སྨན་རྫས་གང་བྱུང་དུ་སྤྱོད་མི་རུང་ཞེས་བསྟན་ཡོད། 

བྱིས་པས་སྤྱོད་པའི་ཚ་སེལ་སྨན་ནི་ཏུའེ་ཡེ་ཤན་ཨེ་ཅི་ཧྥུན་对乙酰氨基酚དང་པུའུ་ལུའོ་ཧྥུན་布洛芬ཡིན་པ་དང་། གློག་འཇགས་སྨན་བཀོལ་སྤྱོད་གཏོང་བར་གཟབ་ནན་བྱེད་དགོས། གལ་ཏེ་བྱིས་པར་ལུད་པ་ཡོད་ན།  ཁྱིམ་བདག་གིས་དུས་ཐོག་ཏུ་བྱིས་པར་གློ་འཇགས་སྨན་སྟེར་མཚམས་བཞག་ནས་ལུད་སེལ་སྨན་སྟེར་དགོས། བྱིས་པར་སྨན་སྟེར་སྐབས་ངེས་པར་དུ་གསལ་བཤད་ཡི་གེར་ཡག་པོ་ལྟ་བ་དང་། དོ་སྣང་བྱེད་དགོས་པའི་ཐད་ཡིད་གཟབ་བྱེད་དགོས། བྱིས་པའི་སྨན་རྫས་སྤྱོད་ཚད་ནི་ལོ་ཚོད་དང་ལུས་པོའི་ལྗིད་ཚད་ལ་གཞིགས་ནས་སྤྱོད་དགོས་ཀྱི་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#རིས་མེད་ཕན་ཚུན་བསྟོད་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章