ས་ཡོམ་ཁྲོད་ཀྱི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུས།

文化   2025-01-14 08:32   四川  

་ཡོམ་ཁྲོད་ཀྱི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   “དགོན་པའི་ས་འོག་ཏུ་ནོན་སྐབས་སུ་རང་ཉིད་ད་ཐེངས་ཤི་འགྲོ་རྒྱུ་རེད་བསམ་བྱུང་།   འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་མྱུར་དུ་སླེབས་ནས་ང་བསྐྱབས་བྱུང་།  ངའི་ཚེ་སྲོག་ནི་ཁོ་ཚོས་གནང་བ་ཡིན”  ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ལ་སྟེང་།  བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་པ་དང་།  དིང་རི་རྫོང་གྲམ་སོ་ཞང་དགའ་ལྡན་གྲོང་ཚོའི་རྫོང་ཕུབ་དགོན་པ་དང་གྲམ་སོ་ཞང་ཟིང་དཀར་གྲོང་ཚོར་གནས་པའི་ཟིང་དཀར་ཆོས་སྡེ་དགོན་གཉིས་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པས།  དིང་རི་རྫོང་ཨུ་ལྷན་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དགོན་པ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ།  དགོན་པར་བཅའ་སྡོད་ཉེན་རྟོག་པ།  དེ་བཞིན་ས་གནས་ཀྱི་ཡུལ་མིས་མྱུར་དུ་རོགས་སྐྱོབ་བྱས་ཏེ་དགོན་པའི་གྲྭ་བཙུན་རྣམས་མྱུར་དུ་བདེ་བླག་ངང་སྐྱབ་ཐུབ་པར་མ་ཟད།  དེ་དག་བཀོད་སྒྲིག་འོས་འཚམ་ཡང་བྱས།   

       དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་མི་སྐྱོབ་པ། 

       “ང་ཚོའི་དགོན་པར་གནོད་འཚེ་ཚབས་ཆེན་ཐེབས་པས།  ཁང་པ་ཚང་མ་རྡིབ་འགྲོ་རྒྱུ་རེད་བསམ།  སྐབས་དེར་ང་རང་ས་འོག་ཏུ་མནན་པས་དངངས་སྐྲག་ཆེན་པོར་སྐྱེས་བྱུང་།  སྟབས་ལེགས་པ་ཞིག་ལ་རྨས་སྐྱོན་ཅུང་ཙམ་མ་གཏོགས་ཕོག་མེད”  རི་སྐེད་དུ་ཆགས་པའི་རྫོང་ཕུབ་དགོན་ནི་ལོ་ངོ600ལྷག་གི་ལོ་རྒྱུས་ལྡན་པའི་བཙུན་མའི་དགོན་པ་ཞིག་ཡིན།  བསྟན་འཛིན་ཆོས་འཛོམས་ཀྱིས་སྐབས་དེའི་ས་ཡོམ་གྱི་རྣམ་པ་ཡིད་ལ་དྲན་སྐབས་སྔར་བཞིན་དངངས་སྐྲག་སྐྱེ་ཡི་འདུག 

ས་ཡོམ་བརྒྱབ་རྗེས་རི་སྐེད་དུ་ཆགས་པའི་རྫོང་ཕུབ་དགོན།

       ས་ཡོམ་བྱུང་སྐབས་སུ་ང་ཚོས་འདུ་ཁང་དུ་ཆོས་འདོན་བཞིན་ཡོད།  དེ་བདེ་འཇགས་ས་གནས་སུ་ཕྱིར་འཐེན་བྱས་ནས་དགོན་པའི་ནང་གི་དགེ་འདུན་པ་རྣམས་ཚང་རྩིས་བྱས་རྗེས།  ང་ཚོས་ཁ་གཏད་ཀྱི་རྫོང་ཕུབ་དགོན་པ་སྔོན་ཆད་དང་མི་འདྲ་བར་མཐོང་བས།  མྱུར་དུ་ང་ཚོར་རོགས་རམ་བྱེད་དུ་ཡོང་བའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་དང་།  དགོན་པར་བཅའ་སྡོད་ལས་བྱེད་པ།  དགོན་པར་བཅའ་སྡོད་ཉེན་རྟོག་པ།  དེ་བཞིན་ཉེ་འགྲམ་གྱི་མང་ཚོགས་བཅས་དང་མཉམ་དུ་རྫོང་ཕུབ་དགོན་པའི་ཕྱོགས་སུ་ཕྱིན་པ་ཡིན། རྫོང་ཕུབ་དགོན་པར་སླེབས་སྐབས་ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུ་རེད།   

       དིང་རི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་མི་སྣས་བཤད་རྒྱུར། རྫོང་ཕུབ་དགོན་པར་འཚོལ་སྐྱོབ་དུ་འགྲོ་མཁན་མི30ལྷག་ཡོད།   ས་ཡོམ་གྱིས་བགྲོད་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་འདུག་པས།  ང་ཚོ་རྐང་ཐང་དུ་མི་འགྲོ་ག་མེད་རེད། རྫོང་ཕུབ་དགོན་གྱི་ས་བབ་མཐོ་ཚད་ལ་སྨི4400ཡོད། ནམ་རྒྱུན་ཟིང་དཀར་ཆོས་སྡེ་དགོན་ནས་རླངས་འཁོར་ལ་བསྡད་དེ་སོང་ན་སྐར་མ20མ་གཏོགས་མི་འགོར།  ཡིན་ནའང་ང་ཚོ་རྐང་ཐང་དུ་སོང་བས་ལམ་བར་ནས་ཕལ་ཆེར་ཆུ་ཚོད་གཅིག་ལྷག་འགོར་སོང་། རྫོང་ཕུབ་དགོན་དུ་བསྐྱོད་དེ་གང་མགྱོགས་ཀྱིས་འཚོལ་སྐྱོབ་བྱེད་བཞིན་ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་མ་སླེབས་གོང་ལ་ས་འོག་ཏུ་མནན་པའི་བཙུན་མ་ཁ་ཤས་བདེ་བླག་ངང་བསྐྱབས་ཡོད།

རྫོང་ཕུབ་དགོན་གྱི་བཙུན་མ་དཀོན་དཀར་ལྷག་སྐྱིད་ཀྱིས་ས་ཡོམ་གྱི་གནས་ཚུལ་ཕྱིར་དྲན་བྱེད་པ།

       བཀོད་སྒྲིག་འོས་འཚམ་བྱས་ནས་འགུལ་སྐྱོད་ཁང་པ་མགྱོགས་མྱུར་ངང་བསྐྲུན།   

       “རྨས་སྐྱོན་ཚབས་ཆེན་ཕོག་མེད་པའི་དགེ་འདུན་པ་ང་ཚོ་རྫོང་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་པ་དང་།  རྨས་སྐྱོན་ཚབས་ཆེན་ཕོག་པའི་དགེ་འདུན་པ་ཚོ་འཕྲལ་དུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་པ་ཡིན།  དེ་མིན་གྱི་དགེ་འདུན་པ་རྣམས་ས་ཡོམ་བརྒྱབ་པའི་ཉིན་མོར་གུར་ཕུབ་ནས་ཟིང་དཀར་ཆོས་སྡེ་དགོན་པའི་འགྲམ་གྱི་ས་སྟོང་ཞིག་ཏུ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཡོད” གནོད་འཚེ་ཐེབས་པའི་དགེ་འདུན་པ་དག་བཀོད་སྒྲིག་བྱེད་གནས་སུ།  འགུལ་སྐྱོད་ཁང་པ་རེ་རེ་གྲ་སྒྲིག་བྱས་ཤིང་།  དགེ་འདུན་པ་རྣམས་ཀྱིས་ཆུ་བཀོལ་བ་དང་པད་ཚལ་གཏུབ་ནས་ཉིན་གུང་གི་ཁ་ལག་གྲ་སྒྲིག་བྱེད་བཞིན་ཡོད།

རྫོང་ཕུབ་དགོན་དང་ཟིང་དཀར་ཆོས་སྡེ་དགོན་པའི་གནོད་འཚེ་ཐེབས་པའི་དགེ་འདུན་པ་རྣམས་ཀྱིས་ཁ་ལག་བཟོ་བཞིན་པ།

       “ས་ཡོམ་བྱུང་པའི་ཉིན་དང་པོར་ང་ཚོ་གུར་ནང་བསྡད་ཡོད།  ཉིན་གཉིས་པར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཐུན་སྦྱོར་བྱས་ཏེ་འགུལ་སྐྱོད་ཁང་པ་བསྐྲུན་ནས་ང་ཚོ་འདུག་ཏུ་བཅུག་བྱུང་།  ཉིན་གསུམ་པའི་སྐབས་སུ་ང་ཚོར་སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང”  ཟིང་དཀར་ཆོས་སྡེ་དགོན་པའི་དགེ་འདུན་པ་བློ་བཟང་བདེ་ལེགས་ཀྱིས་སྲིད་གཞུང་གིས་དཀའ་ངལ་འདི་ལྟ་བུར་འཕྲད་སྐབས་ཆོས་ལུགས་མི་སྣར་དེ་ལྟར་སེམས་ཁུར་བྱས་པར་ཁོང་ཚོ་སེམས་གཏིང་ནས་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་བཤད།   

བཀོད་སྒྲིག་བྱ་ཡུལ་གྱི་དགེ་འདུན་གྱིས་ཇ་སྐོལ་བཞིན་པ།

ལས་བྱེད་མི་སྣས་གནོད་འཚེ་ཐེབས་པའི་དགེ་འདུན་པ་བཀོད་སྒྲིག་བྱ་ཡུལ་གྱི་འགུལ་སྐྱོད་ཁང་པའི་ཕྱི་རོལ་དུ་གློག་འཐེན་བཞིན་པ།

       “ཚགས་ཤ་དང་།  ལུག་ཤ།  སྔོ་ཚལ།  ཇ།  ཐ་ན་ཕོར་པ་དང་གཙང་ཤོག་སོགས་རྒྱུན་གཏན་གྱི་མཁོ་ཆས་ཚང་མ་ཚང་འདུག   ས་ཡོམ་བྱུང་རྗེས་སུ།  ང་ཚོས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ཏེ།  ཐེངས་འདིར་གནོད་འཚེ་ཚབས་ཆེན་ཐེབས་པའི་ཞང་དང་གྲོང་རྡལ་གསུམ་གྱི་དགོན་པ8ཚང་མར་ཟོག་འདྲེན་རླངས་འཁོར་ཆེན་པོ4ཡི་དངོས་རྫས་བཀོད་སྒྲིག་བྱས་པ་དང་།  རྨས་སྐྱོན་ཐེབས་ནས་སྨན་ཁང་དུ་བསྡད་པའི་དགེ་འདུན་པ་རྣམས་ལ་སེམས་གསོའི་དངུལ་སྤྲད་པར་མ་ཟད།  སྔོན་ལ་གནོད་འཚེ་ཐེབས་པའི་དགེ་འདུན་པ་བཀོད་སྒྲིག་བྱ་ཡུལ་དུ་འགུལ་སྐྱོད་ཁང་པ་བསྐྲུན་པ་དང་ཆུ་གློག་བརྒྱུད་གཏོང་བྱས་ནས།  གནོད་འཚེ་ཐེབས་པའི་དགེ་འདུན་པ་བཀོད་སྒྲིག་འོས་འཚམ་དང་དངོས་རྫས་འདང་ངེས་ཡོང་བར་འགན་ལེན་བྱས་ཡོད་ཅེས་དིང་རི་རྫོང་ཨུད་ཀྱི་རྒྱུན་ཨུ་དང་།  འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།  རྫོང་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཟླ་བ་བཀྲ་ཤིས་ཀྱིས་ས་ཡོམ་བྱུང་རྗེས་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པ་དང་།  ཉེ་འགྲམ་གྱི་དགོན་པར་བཅའ་སྡོད་ལས་བྱེད་པ་འཕྲལ་དུ་གནོད་འཚེ་ཚབས་ཆེན་ཐེབས་པའི་ཡུལ་དངོས་སུ་བསྐྱོད་ནས།  ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བ་དང་།  ཁྱོན་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ལས་བྱེད་པ12དང་།  དགོན་པར་བཅའ་སྡོད་ལས་བྱེད་པ34དང་།  དགོན་པར་བཅའ་སྡོད་ཉེན་རྟོག་པ12དང་།  དགོན་པའི་དགེ་འདུན་པ173བཅས་བཏང་ནས།  ཡོམ་འགོག་གེགས་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས།   

བཀོད་སྒྲིག་བྱ་ཡུལ་གྱི་དགེ་འདུན་པ་རྣམས་ཀྱིས་ཉིན་དེའི་དགུང་ཟས་གྲ་སྒྲིག་བྱེད་བཞིན་པ།

       གོམས་སྲོལ་ལ་བརྩི་འཇོག་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཆོས་ལུགས་ཞབས་ཞུའི་དགོས་མཁོ་བསྐོང་བ། 

       “བཀོད་སྒྲིག་བྱ་ཡུལ་དུ།  ལས་རེས་བྱེད་མཁན་ཕུད་ང་ཚོ་དགེ་འདུན་པ་ཚང་མ་སྟབས་བདེའི་བཀོད་སྒྲིག་བྱས་རྗེས་སུ། རྐྱེན་ལམ་དུ་ཤོར་བའི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་འདོད་བློ་ལྟར།  ས་ཡོམ་ཁྲོད་ཀྱི་ཚེ་འདས་རྣམས་ལ་བསྔོ་སྨོན་བྱས་པ་ཡིན”ཞེས་ཟིང་དཀར་ཆོས་སྡེ་དགོན་པའི་དོ་དམ་ཨུ་ལྷན་ཐུབ་བསྟན་གྱིས་བཤད་པ་དང་།   ཁོང་གི་ཕ་ཡུལ་ཐེངས་འདིར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པའི་གྲམ་སོ་ཞང་མགུ་རུང་གྲོང་ཚོར་གནས་ཤིང་།  ཁོང་གི་གཉེན་ཉེ་བཞི་ཐེངས་འདིའི་ས་ཡོམ་ཁྲོད་ཚེ་ལས་འདས།  ཁྱིམ་དུ་རྒན་རྒོན་གཉིས་ལས་བསྡད་མེད་པར་མ་ཟད།  རང་ཉིད་ཀྱི་ལག་པ་གཡོན་པར་ཡང་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་ཡོད།   

ཟིང་དཀར་ཆོས་སྡེ་དགོན་པའི་དོ་དམ་ཨུ་ཡོན་ཐུབ་བསྟན།

       “རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིས་ང་ཚོ་ཡོང་བ་མཐོང་རྗེས་སེམས་ལྷོད་ལ་བབས་སོང་།  སྐབས་དེར་ང་ཚོས་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིའི་དགོས་མཁོ་བཞིན་ཆོས་ལུགས་ཀྱི་ཞབས་འདེགས་ཞུ་ཐུབ་པ་ཚང་མར་ཞུས་ཡོད”ཅེས་ཐུབ་བསྟན་གྱིས་བཤད་བྱུང་།   ས་ཡོམ་གྱི་མདུན་དུ་གནོད་འཚེ་ཐེབས་པའི་དགེ་འདུན་པ་རྣམས་ཀྱིས་སྐྲག་ནས་མ་བསྡད་པར་ཁྲིམས་མཐུན་ལུགས་མཐུན་གྱི་བྱ་ཐབས་ཐོག་ནས།  གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་ཆོས་ལུགས་ཞབས་ཞུའི་དགོས་མཁོ་བསྐངས་པ་དང་།  གནོད་འཚེ་ཐེབས་པའི་མང་ཚོགས་ལ་སེམས་གསོ་བྱས་ཏེ།  འགག་རྩའི་དུས་སུ་ཆོས་ལུགས་ལས་རིགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།   ད་ལྟའི་བར་དུ་ཐུབ་བསྟན་གྱིས་སྔར་བཞིན་བཀོད་སྒྲིག་བྱ་ཡུལ་དུ་དགེ་འདུན་པ་བཀོད་སྒྲིག་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ནས་རང་གི་ཁྱིམ་དུ་ཡང་ལོག་ཐུབ་མེད།   

རྫོང་ཕུབ་དགོན་པ་དང་ཟིང་དཀར་ཆོས་སྡེ་དགོན་པའི་གནོད་འཚེ་ཐེབས་པའི་དགེ་འདུན་པ་བཀོད་སྒྲིག་བྱེད་གནས་སུ་བསྐྲུན་བཞིན་པའི་ཆོས་མེ་སྒྲོན་ས།

       ས་ཡོམ་བྱུང་རྗེས་སུ།   དིང་རི་རྫོང་གི་དགོན་པ་ཁག་གི་དགེ་འདུན་པ་རྣམས་ཀྱིས་ཡོམ་འགོག་གེགས་སེལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ།  དེ་མ་ཐག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས།  རྫོང་ཡོངས་ནས་དགེ་འདུན་པ173མངགས་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞུགས་ཡོད།   དིང་རི་རྫོང་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའི་ཡོམ་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་སྟེ།  དིང་རི་རྫོང་ནང་བསྟན་མཐུན་ཚོགས་ཀྱིས་དིང་རིའི་ཤར་རྒྱུད་ཀྱི་ཞང་བཞིའི་དགེ་འདུན་པ90སྒྲིག་འཛུགས་བྱས་ནས།  གནོད་འཚེ་ཚབས་ཆེན་གྱི་འཐབ་ཕྱོགས་སུ་ཕྱིན་ནས་ཐག་ཉེ་ས་དང་སྟབས་བདེ་ཡོང་བའི་རྩ་དོན་ལྟར།  གནོད་འཚེ་ཚབས་ཆེན་ཐེབས་པའི་ཞང་གསུམ་གྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་ཆོས་ལུགས་ཞབས་ཞུའི་དགོས་མཁོ་ལུགས་མཐུན་དང་ཁྲིམས་མཐུན་ངང་བསྐངས།   

       དགོན་པ་བསྐྱར་སྐྲུན་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་མོད།  འོན་ཀྱང་ཡིད་ཆེས་བརྟན་པོ་ཡོད། 

       “ས་ཡོམ་རྒྱག་སྐབས་སུ་ང་ལ་དྲན་པ་ཐོར་ནས་མི་གཞན་གྱིས་བསྐྱབས་ནས་སྨན་ཁང་དུ་བསྐྱལ་བ་རེད།  ད་ལྟ་དགོན་པའི་རྣམ་པ་ཅི་འདྲ་ཡིན་པ་ངས་རྩ་བ་ནས་མི་ཤེས་པས།  དེ་རིང་སྨན་ཁང་ནས་བུད་རྗེས་བལྟ་བར་འགྲོ་འདོད་ཆེན་པོ་འདུག” རྫོང་ཕུབ་དགོན་པའི་སྒོ་འགྲམ་དུ།  གསར་འགོད་པ་སྨན་ཁང་ནས་བུད་མ་ཐག་པའི་ཇོ་མོ་དཀོན་དགའ་ལྷག་སྐྱིད་དང་འཕྲད་བྱུང་།  མོ་རང་རྒྱུས་མངའ་ཡོད་པའི་རྫོང་ཕུབ་དགོན་པ་སྔར་དང་མི་འདྲ་བ་མཐོང་བ་ན།  མོས་དགོན་པར་གྱོང་གུན་ཚབས་ཆེན་ཐེབས་པར་སེམས་ཁྲལ་བྱེད་ཀྱིན་འདུག  རྫོང་ཕུབ་དགོན་པའི་རི་འདབས་ཀྱི་གུར་ནང་དུ།  དགོན་པར་བཅའ་སྡོད་ལས་བྱེད་པ་དང་།  དགོན་པར་བཅའ་སྡོད་མི་དམངས་ཉེན་རྟོག་པ།  དེ་བཞིན་དགོན་པའི་དགེ་འདུན་པ་བཅས་ཀྱིས་ལས་རེས་བྱས་ཏེ།  དགོན་པའི་ནང་གི་རིག་དངོས་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་འདུག

       རྫོང་ཕུབ་དགོན་པ་ནི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་དང་།  ཟིང་དཀར་ཆོས་སྡེ་དགོན་པ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཡིན།   ཟིང་དཀར་ཆོས་སྡེ་དགོན་པར་མཚོན་ན།  སྤོ་མི་རུང་བའི་ལྡེབས་རིས་ཕུད།  སྤོ་ཆོག་པའི་རིག་དངོས53ཡོད་པ་དང་།  དགོན་པར་གནོད་སྐྱོན་ཚབས་ཆེན་ཐེབས་པའི་དབང་གིས།  དགོན་པའི་དགེ་འདུན་པ་སྒེར་གྱི་རྒྱུ་ནོར་ཚུད་པའི་དངོས་རྫས་ཚང་མ་སྤོ་སྒྱུར་བྱས་མེད་པས།  ཆེད་མངགས་མི་སྣས་དགོན་ཕྱི་རོལ་དུ་ལས་རེས་སྲུང་སྐྱོབ་བྱེད་པའི་འགན་འཁུར་བཞིན་ཡོད།  “ང་ཚོ་ཚང་མས་ཁེར་རྐྱང་ངང་གཅིག་པུས་འཚོ་བ་སྐྱེལ་བཞིན་ཡོད་པས།  སྒེར་གྱི་དངོས་རྫས་བལྟོས་བཅས་ཀྱིས་ཅུང་ཉུང་བ་དང་།  མི་སེར་དང་མི་འདྲ་བར་ཕྱུགས་རིགས་མེད” རྒྱུ་ནོར་སྤོ་སྒྱུར་གྱི་ལས་ཀ་མ་སྤེལ་གོང་ལ།  གནོད་འཚེ་ཕོག་པའི་དགེ་འདུན་པ་ཚོས་ཐོག་མར་མང་ཚོགས་ཀྱི་རྒྱུ་ནོར་སྔོན་ལ་སྤོ་སྒྱུར་བྱེད་དགོས་པའི་རེ་བ་བཏོན།   

ས་ཡོམ་བྱུང་རྗེས་ཀྱི་ཟིང་དཀར་ཆོས་སྡེ་དགོན་པ།

       ཟླ་བ་བཀྲ་ཤིས་ཀྱིས“དགོན་པ་བསྐྱར་སྐྲུན་བྱ་རྒྱུ་ནི་ལས་གྲྭ་འཐུས་སྒོ་ཚང་བ་ཞིག་ཡིན་པས།  གཅིག་གྱུར་གྱི་བཀོད་སྒྲིག་ལྟར་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་དང་ཕྱོགས་གསུམ་པའི་ལས་ཁུངས་ཀྱིས་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་ཁང་པར་གནོད་སྐྱོན་བྱུང་བའི་གནས་ཚུལ་ལ་རིམ་བཞིན་དཔྱད་དཔོག་བྱ་དགོས་པ་དང་།  དཔྱད་དཔོག་བྱས་པའི་གནས་ཚུལ་ལ་གཞིགས་ནས།  དགོན་པ་མི་འདྲ་བར་སྲ་བརྟན་ནམ་ཡང་ན་བསྐྱར་སྐྲུན་བྱ་རྒྱུ་མ་ཟད།  ཕུལ་བྱུང་ཇུས་འགོད་ཚན་པ་གདན་ཞུ་བྱས་ཏེ་ཇུས་འགོད་ལས་དོན་སྤེལ་ནས།  དགོན་པ་བསྐྱར་སྐྲུན་གང་མགྱོགས་ལེགས་གྲུབ་བྱ་རྒྱུ་ཡིན”ཞེས་གསུངས།


ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།



【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】



    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#རིས་མེད་ཕན་ཚུན་བསྟོད་མཛོད།
#རིས་མེད་ཕན་ཚུན་བསྟོད་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།


广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章