ཁ་པར་ནང་ས་ཡོམ་སྔོན་བརྡ་བཟོ་སྟངས་དང་རང་སྲུང་བྱེད་ཐབས།

文化   2025-01-09 21:40   四川  

ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། མིག་སྔར་ཕྱོགས་བཞི་མཚམས་བརྒྱད་དང་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་གེགས་ཁུལ་མང་ཚོགས་ལ་གང་ས་ཅི་ཐད་ནས་རོགས་སྐྱོར་བྱེད་བཞིན་མཆིས།



     ཕྲན་ནི་གསར་འགྱུར་ཚན་པའི་ཆེས་སྤྱིར་བཏང་གི་འཕྲིན་སྤེལ་བ་ཞིག་ཡིན་པས། ཁ་པར་ནང་ལ་ས་ཡོམ་གྱི་སྔོན་བརྡ་ཇི་ལྟར་བཟོ་ཐབས་དང་། སྔོན་བརྡ་འབྱོར་རྗེས་ཇི་ལྟར་རང་སྲུང་བྱེད་སྟངས་སྐོར་གྱི་རྒྱུན་ཤེས་ཐུང་ངུ་འདི་ཙམ་སྤེལ་བ་ལས་གཞན་རྒྱུ་ནོར་དང་བཟའ་འཐུང་གྱོན་གོས་སོགས་ཀྱི་ཐད་ནས་གེགས་ཁུལ་མང་ཚོགས་ལ་རྔོ་ཅི་ཡང་མི་ཐོགས་པས་སེམས་ནང་བློ་འགྱོད་ཆེ་བ་ལས་མ་འདས་ཀྱང་ཡིག་ཕྲེང་ལ་བཅོལ་བའི་ལྷག་བསམ་དཀར་པོ་འདིས་གེགས་ཁུལ་མང་ཚོགས་དང་། ལྷག་པར་དུ་མ་འོངས་པར་ཕན་པའི་རྒྱུ་རུ་བསྔོ།


གཅིག ཁ་པར་ནང་ས་ཡོམ་གྱི་སྔོན་བརྡ་བཟོ་སྟངས།


     དེ་ཡང་། དེང་སང་ང་ཚོ་མི་རེ་རེར་ཁ་པར་རེ་ཡོད་ཅིང་། ཁ་པར་རིགས་མི་འདྲ་བར་གཞིགས་ནས་ས་ཡོམ་གྱི་སྔོན་བརྡ་བཟོ་ཆོག་པ་གཤམ་གསལ་གྱི་བརྙན་ཐུང་ལ་གཟིགས་ན་ཤེས་ཐུབ། 

གཉིས། སྐད་འཕྲིན་ནང་ས་ཡོམ་གྱི་སྔོན་བརྡ་བཟོ་སྟངས།


     གོང་དུ་གླེང་བ་བཞིན་ཁ་པར་མི་འདྲ་བར་གཞིགས་ནས་ས་ཡོམ་གྱི་སྔོན་བརྡ་བཟོ་རྒྱུ་ཡོད་པའི་ཁར་ད་དུང་ང་ཚོའི་ཁ་པར་ནང་གི་སྐད་འཕྲིན་ལའང་ས་ཡོམ་གྱི་སྔོན་བརྡ་བཟོ་རྒྱུ་ཡོད་དེ།


  • 1.སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་ཁ་ཕྱེ་སྟེ། “ཀྲུང་གོ་ས་ཡོམ་སྟེགས་བུའི་དྲ་བ་”ཞེས་པའི་བྱ་རིམ་ཆུང་ངུ་འཚོལ་བཤེར་བྱེད་དགོས།

  • 2.ས་ཡོམ་སྔོན་བརྡ་ཞེས་པར་མནན་དགོས།

  • 3.ས་ཡོམ་སྔོན་བརྡའི་བརྡ་ཐོ་དང་གནས་ཡུལ་ཐོབ་པར་མོས་མཐུན་བྱེད་དགོས།



གསུམ། ས་ཡོམ་གྱི་སྔོན་བརྡ་འབྱོར་ན་ཇི་ལྟར་བྱ་དགོས།


     ས་ཡོམ་གྱི་སྔོན་བརྡའི་ཆ་འཕྲིན་འབྱོར་རྗེས། སྔོན་བརྡའི་ཚབས་ཆེ་ཆུང་དང་རིམ་པར་གཞིགས་ནས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་དགོས།


  • 1.གལ་ཏེ་སྔོན་བརྡའི་རིམ་པ་ཅུང་དམའ་བ་དང་། ས་གནས་དེ་གའི་སྔོན་དཔག་ཡོམ་ཚད་ཆུང་ན། དངངས་སྐྲག་བྱེད་མི་དགོས་ཤིང་། མཐོ་ས་ནས་དངོས་པོ་ཟགས་པར་མཉམ་འཇོག་བྱ་དགོས།

  • 2.གལ་ཏེ་སྔོན་བརྡའི་རིམ་པ་ཅུང་མཐོ་བ་དང་། ས་གནས་དེ་གའི་སྔོན་དཔག་ཡོམ་ཚད་ཅུང་ཆེ་ན། ངེས་པར་དུ་འཕྲལ་མར་ཉེན་ཁ་ལས་གཡོལ་དགོས།



བཞི། ས་ཡོམ་རྒྱག་སྐབས། བྱ་སྤྱོད་བཞི་བློ་ལ་བརྟན་པོར་ངེས་དགོས།


  • 1.ཐག་ཉེ་སར་གབ་དགོས། ས་ཡོམ་ཆེན་པོ་རྒྱག་སྐབས་ལམ་སེང་ཐག་ཉེ་སར་གབ་དགོས། ཁྱིམ་ཆས་མཁྲེགས་པོའམ་གྱང་གིས་ལུས་པོར་འགེབས་སྲུང་བྱས་ཏེ། སྒང་ནས་ཟགས་པའི་དངོས་པོས་ལུས་པོར་རྨས་སྐྱོན་མ་ཕོག་པ་བྱེད་དགོས།


  • 2.དངོས་པོ་ཞིག་དམ་པོར་འཇུ་དགོས། ལྟོས་བཅས་ཀྱིས་བདེ་འཇགས་ལྡན་པའི་ཉེན་གཡོལ་དངོས་པོ་བརྙེད་ན། དཔེར་ན། ཅོག་ཙེའི་རྐང་པའམ་ཡང་ན་སྲ་ཞིང་བརྟན་པའི་དངོས་པོ་གཞན་དག་འཇུས་ནས་སྡོད་པ་ལས་འགུལ་སྐྱོད་བྱེད་མི་རུང་།


  • 3.ལག་པ་གཅིག་གིས་ཟགས་དངོས་བཀབ་དགོས། རྒྱ་ཆེ་བའི་ས་ཆར་བྲོས་འགྲོ་སྐབས། དངོས་པོ་གང་རུང་ཞིག་གིས་མགོ་དང་མཇིང་པ་སོགས་གལ་ཆེ་སར་སྲུང་སྐྱོབ་བྱེད་དགོས། མཉམ་འཇོག་བྱེད་དགོས་པ་ཞིག་ལ་ལག་པ་གཅིག་གིས་མགོ་ཐོག་བཀབ་ན་གཟུགས་པོ་བརྟན་པོ་བྱུང་ནས་འགྱེལ་བའམ་རྨས་སྐྱོན་ཕོག་པ་སྔོན་འགོག་བྱེད་ཐུབ།


  • 4.གོམ་ཆུང་སྤོས་ནས་མགྱོགས་པོ་འགྲོ་དགོས། མི་མང་འདུས་ས་ནས་ཕྱིར་འཐེན་བྱེད་སྐབས། གང་བྱུང་དུ་རྒྱུག་མི་རུང་ཞིང་། གོམ་ཆུང་སྤོས་ནས་མགྱོགས་པོ་འགྲོ་དགོས། དེས་ཟིང་ལངས་ནས་རྡོག་རྫིས་ཐེབས་པའི་དོན་རྐྱེན་སྔོན་འགོག་བྱེད་ཐུབ།



ལྔ། ས་ཡོམ་བརྒྱབ་ནས་བར་སྟོང་ཆུང་ངུ་ཞིག་གི་ནང་དུ་ལུས་ན་ཇི་ལྟར་བྱེད་དགོས།


  • 1.ས་ཡོམ་རྒྱག་སར་མེ་གསོད་རུ་མི་སོགས་མི་སྐྱོབ་མཁན་སླེབས་སྐབས་ས་ངོས་ལ་བརྡུངས་ནས་སྐད་རྒྱག་གི་ཡོད་པས། གལ་སྲིད་སྐད་སྒྲ་དེ་དག་ཐོས་ན་ལམ་སེང་རྡོ་དང་ལྕགས་ཧྲེང་སོགས་ཀྱིས་གྱང་ལ་བརྡུངས་ནས་བརྡ་ལན་སྤྲོད་དགོས།


  • 2.གལ་ཏེ་མི་སྐྱོབ་མཁན་གྱིས་མ་བརྙེད་པ་ཡིན་ན། གང་ཐུབ་ཀྱིས་ཁུ་སིམ་མེར་ཉལ་ནས་སྡོད་པ་ལས་འགུལ་སྐྱོད་བྱེད་མི་རུང་། དེ་དང་དུས་མཚུངས་དབུགས་འབྱིན་རྔུབ་བརྟན་པོ་དང་ལུས་ཤུགས་ཆེ་ཤོས་རྒྱུན་འཁྱོངས་བྱས་ནས་རོགས་སྐྱོབ་མི་སྣ་མ་སླེབས་པར་སྒུག་དགོས།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】






    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།

#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།




འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!




ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章