སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་ཞལ་གདམས།

文化   2025-01-17 08:52   四川  

ཐང་པ་བཀྲ་ཤིས་དཔལ།


ཆོས་དབྱིངས་ཡེ་ཤེས་ཀྱི་གཞལ་ཡས་དེ། །

དུས་གསུམ་བདེ་གཤེགས་ཀྱི་བཞུགས་གནས་ཡིན།།

དེར་བཞུད་བཞེད་ཀྱི་སྐྱེས་བུ་དམ་པ་རྣམས།།

ཡོན་ཏན་གྱི་ནོར་རྒྱགས་ཁྱེར་དུས་སུ།།

ལས་ངན་རླུང་གི་རྟ་ཕོ་ལ།།

ཉོན་མོངས་བདུད་ཀྱི་སྐྱེས་བུ་ཞོན།།

འདོད་ཡོན་གྱི་ཇག་པས་བསྐོར་ཙ་ན།།

ཉམས་མྱོང་གི་སྐྱེས་བུ་མི་བརྟན་ཞིང་།།

སྙིང་སྟོབས་ཀྱི་སྐྱེལ་མ་མི་བཙན་དང་།།

སྙིང་རུས་ཀྱི་གོ་ཆ་མི་འཐུག་ཅིང་།།

ཡེ་ཤེས་ཀྱི་རལ་གྲི་མི་རྣོ་ན།།

ཡོན་ཏན་གྱི་ནོར་དང་བྲལ་ཉེན་བདོག།

དེ་ཕྱིར་གསུམ་ལྡན་གྱི་རིན་ཆེན་ལ།།

གསོལ་བ་རྒྱུན་ཆད་མེད་གདབ་ཅིང་།།

བློ་དངོས་འོད་གསལ་ངང་གནས་གཅེས།།

ལར་རྟོགས་ལྡན་གྱི་སྐྱེས་བུ་དམ་པ་རྣམས།།

རང་སེམས་སྐྱེ་མེད་ནམ་མཁའ་ལ།།

གློ་བུར་ཉོན་མོངས་རྐྱེན་བྱུང་ན།།

འཁྲུལ་པ་ཡེ་ཤེས་རོ་མཉམ་དུ།།

གཉིས་སུ་མེད་པར་མ་དག་ན།།

ནམ་མཁའ་དངོས་པོར་མི་འགྱུར་ཡང་།།

གཞན་ཕན་ཞེན་མེད་ཉི་དཀྱིལ་དེ།།

ཞེན་མེད་སྤྲིན་གྱིས་གཡོགས་གྱུར་ན།།

གདུལ་བྱའི་མུན་པ་སེལ་བར་དཀའ།།

ཚེ་འདིར་ཐར་པ་ཐོབ་འདོད་ན།།

འཆི་དང་མི་རྟག་རྒྱུ་འབྲས་བསམ།།

འཁོར་བའི་ཉེས་དམིགས་དྲན་བྱས་ཞིང་།།

སྙིང་རྗེ་ཞེན་མེད་ཚོགས་བསགས་ནས།།

རྗེ་རིན་ཆེན་ཆོས་སྐུ་ཐོབ་མཛད་ནས།།

རྩོལ་བྲལ་གཉུག་མའི་ངང་དུ་གཞག།

ཐུབ་པའི་ཡོན་ཏན་མ་ལུས་པ།།

ངང་དུ་གཞག་ལ་འཆར་བར་ངེས།།

འཆི་བ་རྗེས་དྲན་འཁོར་བས་འཇིགས།།

ཐར་མཆོག་དོན་དུ་གཉེར་འདོད་ན།

འགྲོ་དོན་གསོལ་བཏབ་སེམས་ངང་གཞག།

མཚུངས་མེད་དཀར་པོ་ཆིག་ཐུབ་ཡིན།།

ཞེས་གསུངས།


【གཤམ་གྱི་ཡི་གེ་སྔོན་པོའི་ཐོག་སོ་སོའི་ནང་དོན་འཚོལ་ཆོག】
【点击下方蓝色字样了解相关资讯】




    ནང་དོན་དཀར་ཆག་རེའུ་མིག



ནང་ཆོས་སྡེ།
#རིག་གཞུང་དཔྱད་རྩོམ་མཛོད།
#ཆོས་གཞུང་ཁྲིད་མཛོད།
#རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ
#དགེ་ལྡན་དྲ་མཛོད།
#པཎ་ཆེན་མཛད་བཟང་མཛོད།
#རིས་མེད་ཕན་ཚུན་བསྟོད་མཛོད།
#ཞལ་འདོན་མཛོད།
#ལེགས་བཤད་མཛོད།
#གནའ་དེང་བསླབ་བྱ་མཛོོད།
རྣམ་ཐར།
#རྣམ་ཐར་འཆད་མཛོད།
#དགའ་ལྡན་ཁྲི་པ་རིམ་བྱོན།
#གུང་ཐང་སྐུ་ཕྲེང་རིམ་བྱོན།
#ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་།


སྐད་ཡིག་གི་སྡེ།
#སྐད་ཡིག་ཤེས་བྱའི་མཛོད།
#སྒྱུར་རྩོམ་མཛོད།
#ཡིག་གཟུགས་མཛོད།

གསོ་རིག་སྡེ།
#བདེ་ཐང་མཛོད།
#འཕྲོད་བསྟེན་ཤེས་བྱའི་མཛོད།
#ཡིག་ལྡན་བདེ་ཐང་མཛོད།
#ཡམས་ནད་འགོག་སྲུང་མཛོད།
#འཚོ་བའི་རྒྱུན་ཤེས་མཛོད།

སློབ་གསོའི་སྡེ།
#ཁྱིམ་ཚང་སློབ་གསོའི་མཛོད།
#དམངས་སྲོལ་མཛོད།
#ཁྲིམས་ལུགས་མཛོད།

ལྗོངས་རྒྱུ་སྡེ།
#གནས་མཆོག་ཡུལ་སྐོར་མཛོད།
#གནས་བཤད་མཛོད
#གནའ་ཤུལ་མཛོད།
#སྐད་ཡིག་ཤེས་བྱའི་མཛོད།

གསར་འགྱུར་སྡེ།
#གཏམ་གསར་མཛོད།
#གཏམ་བཟང་མཛོད།
#རྒྱལ་སྤྱིའི་གཏམ་གསར་མཛོད།

རིག་གཞུང་འཆད་ཁྲིད་སྡེ།
#བརྡ་སྤྲོད་འཆད་ཁྲིད་མཛོད།
#གསོ་རིག་འཆད་མཛོད།
#ལོ་རྒྱུས་འཆད་མཛོད།

རིག་རྩལ་གྱི་སྡེ།
#ཚན་རིག་ཤེས་བྱའི་མཛོད།

སྒྱུ་རྩལ་སྡེ།
#སྒྱ་རྩལ་མི་སྣའི་མཛོད།
#གཞས་མ་མཚོ་བྱུང་།
#གཞས་མ་གཡང་ཕྱུག་མཚོ།
#ཁྱུང་པོ་ཆོས་སྒྲོན།

གློག་བརྙན་གྱི་སྡེ།
#སྟོན་པའི་རྣམ་ཐར་དབུས་སྐད།
#སྟོན་པའི་མཛད་རྣམ། ཁམས་སྐད།


འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །

མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །

དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །

ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག 

广袤世界所有国度内,

人疾畜病冰霜旱涝灾,

战乱灾荒衰败皆熄灭,

祈愿长寿无病具享乐!



ཀུན་ཁྱབ་འོད་སྣང་འཕྲིན་སྟེགས། 

གཞན་ལ་སྐུར།

ཉར་ཚགས།

མཐེ་བོང་ནོན།

མེ་ཏོག་ནོན།

广洽明鉴
རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་བའི་བརྙན་གཞས་རྩོམ་སོགས་མི་སྤེལ།
 最新文章