ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། སྤྱི་ཟླ་1ཚེས་13ཉིན་གྱི་ཆུ་ཚོད་20དང་སྐར་མ་58ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་༼བྱང་གི་འཕྲེད་ཐིག་ཏུའུ་28.45དང་། ཤར་གྱི་གཞུང་ཐིག་ཏུའུ་87.52༽དུ་རིམ་པ་5.0གྱི་ས་ཡོམ་བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་དུས་ཡུན་སྐར་མ་གཉིས་ནང་བསྟུད་མར་ས་ཡོམ་ཐེངས་གཉིས་བརྒྱབ་པ་དང་། ས་ཡོམ་ཤུགས་ཆེ་ཤོས་དེ་རིམ་པ་5.0ལ་སླེབས་ཡོད། ས་ཡོམ་བརྒྱབ་པ་དེ་དག་ཁྲོད་ནས་ས་ཡོམ་རིམ་པ་5.0བརྒྱབ་པ་དེའི་ལྟེ་བའི་ཁུལ་དང་སྤྱི་ཟླ་1ཚེས་7ཉིན་བརྒྱབ་པའི་དིང་རིའི་རིམ་པ་6.8ཀྱི་ས་ཡོམ་ལྟེ་བའི་ཁུལ་དབར་གྱི་བར་ཐག་ལ་སྤྱི་ལེ་9ཡོད་པ་དང་། དེ་རིང་བརྒྱབ་པའི་ས་ཡོམ་དེ་གཉིས་ནི་དིང་རིའི་རིམ་པ་6.8ཀྱི་ས་ཡོམ་དེའི་ཡོམ་ལྷག་ཡིན་པ་རེད།
དེའི་གོང་། ཀྲུང་གོ་ས་ཡོམ་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། སྤྱི་ཟླ་1ཚེས་13ཉིན་གྱི་ཆུ་ཚོད་20དང་སྐར་མ་57ཐོག་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་༼བྱང་གི་འཕྲེད་ཐིག་ཏུའུ་28.42དང་། ཤར་གྱི་གཞུང་ཐིག་ཏུའུ་87.50༽དུ་རིམ་པ་4.9ཡི་ས་ཡོམ་བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།