ཚན་རིག་ཤེས་བྱའི་རྩམཛོད།
སྤྱི་ཟླ་1པོའི་ཚེས་14ཉིན་ནི་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་ཉིན་བརྒྱད་པ་ཡིན། སྤྱི་ཚེས་13ཉིན་གྱི་དགོང་མོ་དང་སྤྱི་ཚེས་14ཉིན་གྱི་ཞོགས་པར་དིང་རི་རྫོང་དུ་སླར་ཡང་ཡོམ་ལྷག་ཐེངས་མང་བརྒྱབ་ཡོད། སྤྱི་ཚེས་14ཉིན་གྱི་ཆུ་ཚོད་20དང་སྐར་མ་57དང་སྐར་མ་58ཐོག་ས་ཡོམ་རིམ་པ་4.9དང་ས་ཡོམ་རིམ་པ་5.0བསྟུད་མར་བརྒྱབ་ཡོད། ས་ཡོམ་བརྒྱབ་ནས་ཉིན་འགའི་རྗེས། ཡོམ་ལྷག་གི་རིམ་པ་སྔར་བཞིན་དེ་འདྲའི་དྲག་པོ་རྒྱག་དོན་གང་ཡིན་ནམ། ད་དུང་རྒྱུན་ག་ཚོད་མཐུད་སྲིད་དམ།
ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)སའི་གོ་ལའི་ཚན་རིག་དང་ཐོན་ཁུངས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུས་ཤིས་ཝེ་ཡིས། ད་ཐེངས་ས་ཡོམ་གྱི་ཡོམ་ལྷག་ནི་དོན་དངོས་ཐོག་རྒྱུན་ལྡན་གྱི་ཉམས་ཆག་བརྒྱུད་རིམ་ཁྲོད་ཀྱི་འཕར་ཆག་ཆུང་ཆུང་ཞིག་གི་ཁོངས་སུ་གཏོགས་ཀྱི་ཡོད། ད་ཐེངས་ཀྱི་ས་ཡོམ་རིམ་པ་5.0ཡི་ཡོམ་ལྷག་མ་བརྒྱབ་གོང་། དེའི་ཡོམ་ལྷག་གི་རིམ་པ་ནི་ཅུང་ཆུང་ཞིང་རྒྱུན་ལྡན་གྱི་ནུས་ཚད་གློད་གཏོང་བྱས་པ་ཞིག་ཡིན། དེ་ལ་སྙོམ་སྒྲིག་བྱེད་པའི་གོ་རིམ་ཞིག་ཡོད་པ་སྟེ། ས་ཡོམ་གཙོ་བོའི་གས་གྲུམ་གྱི་བརྒྱུད་རིམ་ཁྲོད། ས་ཆ་ཆ་ཤས་སུ་ནུས་ཚད་ཕྱིར་གཏོང་མ་བྱས་པའི་རིགས་ཕྱིར་གཏོང་བྱ་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།
རིགས་གཅིག་མཁས་ཅན་གྱིས། དེ་སྔའི་བསྡོམས་རྩིས་ལྟར་ན། རྒྱུན་དུ་ཡོམ་ལྷག་གི་ཡོམ་ཚད་རིམ་པ་ཆེ་ཤོས་དེ་ས་ཡོམ་ཁུལ་གཙོ་བོའི་ངོས་ནས་བརྗོད་ན་རིམ་པ་1.5ཡས་མས་ཀྱི་ཆུང་བ་ཡོད། དེའི་གོང་གི་ཕྱོགས་མང་པོའི་འབྲེལ་ཡོད་གྲངས་གཞིར་གཞིགས་ནས། སྤྱི་ཟླ་1པོའི་ཚེས་7ཉིན་བརྒྱབ་པའི་ས་ཡོམ་རིམ་པ་6.8བརྒྱབ་རྗེས་ཀྱི་དུས་ཐུང་ནང་སྔར་བཞིན་རིམ་པ་5ནས་6བར་གྱི་ཡོམ་ལྷག་ཐོན་སྲིད་པ་སྔོན་དཔག་བྱས་ཡོད། དེར་བརྟེན་སྤྱི་ཚེས་13ཉིན་གྱི་དགོང་མོར་ས་ཡོམ་རིམ་པ་5.0བརྒྱབ་པ་དེའི་གོང་གི་སྔོན་དཔག་དང་མཐུན་གྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
དེས་ན། དེ་དང་འདྲ་བའི་ཡོམ་ལྷག་དྲག་པོ་ད་དུང་རྒྱུན་ག་ཚོད་མཐུད་སྲིད་དམ་ཞེ་ན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)སའི་གོ་ལའི་ཚན་རིག་དང་ཐོན་ཁུངས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུས་ཤིས་ཝེ་ཡིས། ས་ཡོམ་བརྒྱབ་རྗེས་ཀྱི་གཟའ་འཁོར་གཅིག་ནས་གཉིས་བར་ནུས་ཚད་རིམ་བཞིན་ཉམས་ཞན་ནས་རྒྱུན་ལྡན་གྱི་གནས་ཚུལ་དུ་འགྲོ་སྲིད། གཟའ་འཁོར་གཉིས་ཀྱི་རྗེས་སུ། དོན་དངོས་སུ་ཡོམ་ལྷག་ད་དུང་རྒྱག་སྲིད་མོད། འོན་ཀྱང་དེའི་ཟློས་ཕྱོད་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བ་དང་། ས་ཡོམ་གྱི་རིམ་པ་ཡང་རྒྱུན་ལྡན་གྱི་ཉམས་ཆག་གི་གོ་རིམ་ཞིག་ཏུ་གནས་སྲིད་ཅེས་གསུངས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ནང་དོན་དཀར་ཆག་རེའུ་མིག
ནང་ཆོས་སྡེ། #རིག་གཞུང་དཔྱད་རྩོམ་མཛོད། #ཆོས་གཞུང་ཁྲིད་མཛོད། #རྗེེ་ཙོང་ཁ་པ་དང་འབྲེལ་བའི་རྩོམ། #དགེ་ལྡན་དྲ་མཛོད། #པཎ་ཆེན་མཛད་བཟང་མཛོད། #ཞལ་འདོན་མཛོད། #ལེགས་བཤད་མཛོད། #གནའ་དེང་བསླབ་བྱ་མཛོོད། རྣམ་ཐར། #རྣམ་ཐར་འཆད་མཛོད། #དགའ་ལྡན་ཁྲི་པ་རིམ་བྱོན། #གུང་ཐང་སྐུ་ཕྲེང་རིམ་བྱོན། #ཀུན་མཁྱེན་འཇམ་བཞད་སྐུ་ཕྲེང་། སྐད་ཡིག་གི་སྡེ། #སྐད་ཡིག་ཤེས་བྱའི་མཛོད། #སྒྱུར་རྩོམ་མཛོད། #ཡིག་གཟུགས་མཛོད། གསོ་རིག་སྡེ། #བདེ་ཐང་མཛོད། #འཕྲོད་བསྟེན་ཤེས་བྱའི་མཛོད། #ཡིག་ལྡན་བདེ་ཐང་མཛོད། #ཡམས་ནད་འགོག་སྲུང་མཛོད། #འཚོ་བའི་རྒྱུན་ཤེས་མཛོད། སློབ་གསོའི་སྡེ། #ཁྱིམ་ཚང་སློབ་གསོའི་མཛོད། #དམངས་སྲོལ་མཛོད། #ཁྲིམས་ལུགས་མཛོད། ལྗོངས་རྒྱུ་སྡེ། #གནས་མཆོག་ཡུལ་སྐོར་མཛོད། #གནས་བཤད་མཛོད #གནའ་ཤུལ་མཛོད། #སྐད་ཡིག་ཤེས་བྱའི་མཛོད། གསར་འགྱུར་སྡེ། #གཏམ་གསར་མཛོད། #གཏམ་བཟང་མཛོད། #རྒྱལ་སྤྱིའི་གཏམ་གསར་མཛོད། རིག་གཞུང་འཆད་ཁྲིད་སྡེ། #བརྡ་སྤྲོད་འཆད་ཁྲིད་མཛོད། #གསོ་རིག་འཆད་མཛོད། #ལོ་རྒྱུས་འཆད་མཛོད། རིག་རྩལ་གྱི་སྡེ། #ཚན་རིག་ཤེས་བྱའི་མཛོད། སྒྱུ་རྩལ་སྡེ། #སྒྱ་རྩལ་མི་སྣའི་མཛོད། #གཞས་མ་མཚོ་བྱུང་། #གཞས་མ་གཡང་ཕྱུག་མཚོ། #ཁྱུང་པོ་ཆོས་སྒྲོན། གློག་བརྙན་གྱི་སྡེ། #སྟོན་པའི་རྣམ་ཐར་དབུས་སྐད། #སྟོན་པའི་མཛད་རྣམ། ཁམས་སྐད།
འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། ། མི་ནད་ཕྱུགས་ནད་སད་སེར་ཐན་པ་དང༌། །
དམག་འཁྲུག་མུ་གེའི་རྒུད་པ་ཀུན་སེལ་ཞིང༌། །
ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག
广袤世界所有国度内,
人疾畜病冰霜旱涝灾,
战乱灾荒衰败皆熄灭,
祈愿长寿无病具享乐!
ཀུན་ཁྱབ་འོད་སྣང་འཕྲིན་སྟེགས།
གཞན་ལ་སྐུར།
ཉར་ཚགས།
མཐེ་བོང་ནོན།
མེ་ཏོག་ནོན།