情歌
ཚིག སེར་ཤུལ་རབ་གསལ།
དབྱངས། འབྲུག་པའི་དམངས་ཁྲོད།
ལེན་མཁན། སྒྲོལ་མ་མཚོ།
སེམས་དགའ་བའི། སེམས་མཐུན་པའི།
སྙིང་སྡུག་ཁྱེད།
དྲན་སླ་བའི་ཁྱེད་རང་ནི།
ཡིད་ཆེས་པའི།
རྒྱུ་ནོར་མི་བསམ་འཚོ་བ་ཁག་པོ་མིན།
སྔོན་བསགས་ལས་ཀྱིས་འཕྲད་པའི་ཚེ་རོགས་ཡིན།
ཁྱེད་མཉམ་དུ་ཡོད་པའི་མི་ཚེའི་ནང་།
ངའི་སེམས་པ་སྐྱོ་བའི་ཉིན་མོ་མེད།
ངའི་སྙིང་སྡུག ངའི་ཡིད་འོང་།
ངའི་སེམས་མཐུན། སྙིང་སྡུག
སེམས་དགའ་བའི། སེམས་མཐུན་པའི།
སྙིང་སྡུག་ཁྱེད།
དྲན་སླ་བའི་ཁྱེད་རང་ནི།་
ཡིད་ཆེས་པའི།
ཚེ་འདི་ཡི་ལས་དབང་མཐུན་ལེ།
ངའི་དགའ་ས་མི་དེ་ཁྱེད་རང་ཡིན།
ངས་ཁྱེད་ལ་བཟུང་བའི་བརྩེ་བ་དེ།
གཞན་སྡེ་པའི་ཚིག་དང་བསྡུར་ས་མེད།
ངའི་སྙིང་སྡུག ངའི་ཡིད་འོང་།
ངའི་སེམས་མཐུན། སྙིང་སྡུག