གཞས་ཚིག གླིང་རུ། ལྷ་རྩེའི་ཁུ་བྱུགགཞས་དབྱངས། རྫོགས་ཆེན་བསྟན་འཛིན།གཞས་མཁན། སྒྲོལ་མ་མཚོ། བེ་རི་རང་གྲོལ།作词:岭日•拉孜杜鹃作曲:佐庆丹真演唱:卓玛措& 白日然珠
ལྷོ་འཛམ་གླིང་བོད་ཡུལ་མཐོ་སྒང་ན། ། དཔའ་དགྲ་ལྷའི་རྒྱལ་པོ་གེ་སར་འཁྲུངས། ། དཔའ་མི་འདྲ་རོང་ཚ་དམར་ལེབ་ཡོད། ། བུ་གེ་སར་རྒྱལ་པོ་ཨེ་རྨ་རྨད། ། གེ་སར་ལགས། མིི་ཡི་ཉི་མ། ནམ་ཡང་གདོང་གྲོགས་མཛོད།
ལྷའི་ལུང་བསྟན་གནང་བའི་བུ་བཟང་ཡིན། ། བུ་མི་འདྲ་འཛམ་གླིང་དཔོན་པོ་ཡིན། ། དཔོན་དེ་ལ་བློ་རྩེ་དགུ་འཛོམས་ཡོད། ། གླིང་གེ་སར་རྒྱལ་པོ་ངོ་མཚར་ཆེ། ། གེ་སར་ལགས། མིི་ཡི་ཉི་མ། ནམ་ཡང་ཁ་འཛིན་མཛོད།
བུ་ཁོང་ནི་བསྟན་དགྲ་ཚར་གཅོད་ཡིན། ། ཚར་མ་ཆོད་ནང་ལ་ལོག་མྱོང་མེད། ། ཕྱིར་དགྲ་ལ་བརྒྱུག་ན་སྔོན་མ་ཡིན། ། ནང་ཕུ་ནུ་སུམ་བཅུའི་དཔའ་རྒོད་ཡིན། ། གེ་སར་ལགས། མིི་ཡི་ཉི་མ། ནམ་ཡང་དགོན་སྐྱབས་མཛོད།