ཚིག་རྩོམ་མཁན། གཡེ་རུས་རྐང་།དབྱངས་རྩོམ་མཁན། རྫོགས་ཆེན་བསྟན་འཛིན། གཞས་ལེན་མཁན། སྒྲོལ་མ་མཚོ།作词: 叶热岗作曲:佐庆丹真演唱:卓玛措
༡དཀར་ཡོལ་འབྲུག་མའི་ནང་ལ།།ནས་ཆང་སྔོན་མོས་བཀང་ཡོད།།མཆོད་པའི་གཙང་བཞེས་གནོངས་དང་།།ལས་ཀྱི་དམ་ཚིག་བཙགས་ཡོད།།བརྩེ་འདང་ལས་ཀྱི་རི་མོ།།ཟླ་བའི་དཀྱིལ་ན་འཐེན་ཡོད།།བློ་དཀར་སེམས་ཀྱི་མི་ལ།།སྨོན་ལམ་སྙིང་ནས་ཞུས་ཡོད།།
(ང་ཚོ་དེ་རིང་འཛོམས་འཛོམས།ནང་ལ་ཆུང་བསྭོ་ལོ།གཏན་དུ་འཛོམས་རྒྱུ་བྱུང་ན།བསྭོ་ཡ་ལ། ནང་ལ་ཆུང་བསྭོ་ལོ།གཏན་དུ་འཛོམས་པའི་མི་ལ།ནང་ལ་ཆུང་བསྭོ་ལོ།སྙུང་གཞི་གོད་ཆགས་མ་གཏོང་།ནང་ལ་ཆུང་བསྭོ་ལོ།)༢དྭངས་གཙང་རྫ་ཆུ་སྔོན་མོར།།མེ་ཏོག་སྣ་བརྒྱས་སྐོར་ཡོད།།དངུལ་དཀར་ཆུ་ཟོམ་ནང་ལ།།གཡང་གི་བསིལ་ཆབ་ལྟེམས་ཡོད།།ཚེ་རིང་ལྷ་ཡིས་སྲུང་ཡོད།།ཕ་མ་སྤུན་གྱིས་བཞེས་དང་།།ནད་མེད་ཚེ་རིང་ཡོང་བའི།།སྨོན་ལམ་སྙིང་ནས་ཞུས་ཡོད།།
(ང་ཚོ་དེ་རིང་འཛོམས་འཛོམས།ནང་ལ་ཆུང་བསྭོ་ལོ།གཏན་དུ་འཛོམས་རྒྱུ་བྱུང་ན།བསྭོ་ཡ་ལ། ནང་ལ་ཆུང་བསྭོ་ལོ།གཏན་དུ་འཛོམས་པའི་མི་ལ།ནང་ལ་ཆུང་བསྭོ་ལོ།སྙུང་གཞི་གོད་ཆགས་མ་གཏོང་།ནང་ལ་ཆུང་བསྭོ་ལོ།