མགྲོན་མཆོད།
迎客
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་པ། བསོད་ནམས་བཀྲ་ཤིས།
作词:日当呷扎
作曲:佐庆丹真
演唱:索朗扎西
ཞལ་རས་འཛུམ་གྱིེ་མེ་ཏོག །
འཚམ་འདྲི་གཏམ་གྱི་དབུ་ཞུས།
ལག་ཟུང་བཀྲ་ཤིས་ཁ་བཏགས།
དེ་རིང་ཕེབས་པའི་མགྲོན་ལ་མཆོད།
མགྲོན་ཁྱེད་ཚོ་ཁ་ལས་དགེ་བར་ཤོག །
དྭངས་གཙང་གངས་ཆུ་བསིལ་མ།
འབྲི་འོ་སྤང་བཟང་རྩི་བཅུད།
ཇ་མཆོག་ནོར་བུ་སུམ་འཛོམས།
དེ་རིང་ཕེབས་པའི་མགྲོན་ལ་མཆོད།
མགྲོན་ཁྱེད་ཚོ་ཁ་ལས་དགེ་བར་ཤོག །
མར་ཐུད་གཡང་དྲུང་རི་མོ།
བོད་གྲོ་པ་ཊ་གཡས་འཁྱིལ།
ཟས་མཆོག་སྦྲང་དཀར་རྩམ་པ།
དེ་རིང་ཕེབས་པའི་མགྲོན་ལ་མཆོད།
མགྲོན་ཁྱེད་ཚོ་ཁ་ལས་དགེ་བར་ཤོག །