འཚམས་འདྲི་ཞུ།
གཞས་ཚིག འཇུ་ཐུབ་བསྟན་བཀྲ་ཤིས།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་པ། རྫོགས་ཆེན་བསྟན་འཛིན།
སེམས་པ་མཚོན་པའི་ཁ་བཏགས་འདི།
དེ་རིང་སྐུ་མགྲོན་ཁྱེད་ལ་འབུལ།
བརྩེ་བ་ཡོད་འཚམས་འདྲི་ཞུ།
འདི་ཡི་དར་སྲོལ་ཁ་བ་ཅན་ལ་ཡོད།
འདི་ཡི་རྟེན་འབྲེལ་མགོ་ནག་བོད་ན་ཡོད།
དེ་རིང་སྐུ་མགྲོན་ཁྱེད་ལ་མཇལ་དར་ཡིན།
འོ་སྤྲོ་བ་ཤོག བསོ། བཀྲ་རེ་ཤིས།
བདེ་མྱུར་བྲོ་ཡི་མཆོད་པ་འདི།
དེ་རིང་སྐུ་མགྲོན་ཁྱེད་ལ་འབུལ།
བརྩེ་བ་ཡོད་འཚམས་འདྲི་ཞུ།
འདི་ཡི་སྟངས་སྟབས་སྲིད་པའི་ཁམས་ན་ཡོད།
འདི་ཡི་སྙན་གྲགས་སྒང་པ་བོད་ལ་ཡོད།
ཕུ་ནུ་ལྷན་འཛོམས་སྐྱིད་ཀྱི་ཞབས་བྲོ་འཁྲབ།
འོ་སྤྲོ་བ་ཤོག བསོ། བཀྲ་རེ་ཤིས།
སྙན་མོ་གླུ་ཡི་མཆོད་པ་འདི།
དེ་རིང་སྐུ་མགྲོན་ཁྱེད་ལ་འབུལ།
བརྩེ་བ་ཡོད་འཚམས་འདྲི་ཞུ།
འདི་ཡི་འགོ་ཁུངས་གངས་རིའི་ཞིང་ན་ཡོད།
འདི་ཡི་དབྱངས་རྟ་ཁ་བ་བོད་ལ་ཡོད།
ང་ཡིས་དེ་རིང་ཁྱོད་ལ་གླུ་ཞིག་ལེན།
འོ་སྤྲོ་བ་ཤོག བསོ། བཀྲ་རེ་ཤིས།