遐思
ཚིག ཤར་མི་ཉག་པ་གསུང་རབ་རྒྱ་མཚོ།
དབྱངས། ཚེ་རིང་དོན་འགྲུབ།
ལེན་མཁན། སྒྲོལ་མ་མཚོ།
作词:木雅•松让降措
作曲:才让东珠
演唱:卓玛措
ཀ་ཞིག་ཡིན་ན་བསམ་བྱུང་། །
ཁ་ཞིག་ཡིན་ན་བསམ་བྱུང་། །
ཀ་ཁ་སུམ་བཅུའི་ཁྲོད་དུ། །
མི་རིགས་གནས་ན་བསམ་བྱུང་། །
མྱི་ཞིག་ཡིན་ན་བསམ་བྱུང་། །
ལྷ་ཞིག་ཡིན་ན་བསམ་བྱུང་། །
ལྷ་དང་མི་ཡི་བར་ན། །
དམ་ཆོས་གནས་ན་བསམ་བྱུང་། །
བྱམས་བརྩེ་ཡིན་ན་བསམ་བྱུང་། །
ལྷག་བསམ་ཡིན་ན་བསམ་བྱུང་། །
འཚེ་མེད་དཀར་སྐྱོང་ཁྲོད་དུ། །
ཉམ་ཆུང་གནས་ན་བསམ་བྱུང་། །