སྐུ་མགྲོན་ལགས།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། བློ་གསལ།
ལེན་མཁན། སྐལ་བཟང་རྣམ་གྲོལ།
༡
མགྲོན་འཛམ་གླིང་ཉི་མ་དགུང་ནས་ཤར།།
ཞལ་འཛུམ་ཆུང་མེ་ཏོག་གྲལ་ལ་བཞད།།
གཏམ་རིན་ཆེན་གསེར་གྱི་འཕྱང་འཕྲུལ་ལ།།
བློ་རིག་པའི་ཚིག་རྒྱན་ཁྲོ་ལོ་ལོ།།
སྐུ་མགྲོན་ལགས།
ཁྱེད་རང་བྱོན་པ་ལེགས།
༢
མགྲོན་བཅོ་ལྔའི་ཟླ་བ་མཁའ་ནས་ཚེས།།
བཀྲ་ཤིས་པའི་སྨོན་འདུན་འོད་ཀྱིས་འབེབས།།
ངག་ཨ་ལོང་མགྲིན་པའི་སྡིངས་ཆ་ལ།།
གླུ་སྙན་མོའི་མཆོད་པ་སི་ལི་ལི།།
སྐུ་མགྲོན་ལགས།
ཁྱེད་ཀྱི་ཀླུང་རྟ་དར།
༣
མགྲོན་སྐར་མའི་མེ་ཏོག་ཁྱིམ་ལ་བཞད།།
སེམས་བྲོད་པའི་དགོད་སྒྲ་སྐྱིད་ལ་བསྐོལ།།
ཞེ་མི་འགྱུར་ཁྲེལ་གྱི་རྡང་ཐག་ལ།།
བལ་དཀར་པོའི་སྲུང་མདུད་རི་ལུ་ལུ།།
སྐུ་མགྲོན་ལགས།
ཁྱེད་ལ་ལམ་དཀར་ཞུ།