༧ རྒྱལ་དབང་༸ ཀརྨ་པའི་འཁྲུངས་སྐར་བསུ་བའི་དད་འདུན་དབྱངས་ཀྱི་མཆོད་པ།
恭迎尊圣大宝法王噶玛巴圣诞
虔诚信之妙音供养
ཞི་དུལ་འགག་མེད་ཚངས་དབྱངས་སྙན་པའི་གླུ། །
ཏིང་འཛིན་ཕྱག་རྒྱའི་གར་གྱིས་སྟངས་སྟབས་ངོམས། །
སྡེ་བཞིའི་རྒྱལ་ཁམས་ཡོངས་ལ་གྲགས་མཛད་པའི། །
རྒྱལ་མཆོག་༸ཀརྨ་པ་ཡི་འཁྲུངས་སྐར་བསུ། །
无灭柔善梵音悦耳歌
禅定手印威仪显庄严
圆满四德美誉遍世间
恭迎尊圣法王之圣诞
སྙན་གྲགས་དབྱར་རྔ་འཛམ་གླིང་ཁྱོན་ལ་ལྡིར། །
ཤེས་བྱའི་ཆོས་རྣམས་མ་ལུས་ཁོང་དུ་ཆུད། །
རིགས་གསུམ་གདུལ་བྱ་སྐྱོང་བའི་ཀརྨ་པའི། །
སྐུ་ཡི་མཚན་དཔེ་བཞད་འདི་ཨེ་མ་རྨད། །
美名如雷震惊遍三界
无余通达所知诸法相
三种属姓怙主噶玛巴
化显庄严法相圣稀奇
མ་ལུས་ཀུན་གྱི་མགོན་གྱུར་ལྷ་ཆེན་པོ།།
རིས་མེད་བསྟན་པ་ཡོངས་ཀྱི་རྒྱན་གཅིག་པུ།།
སྟོང་གསུམ་སྨག་རུམ་གསལ་བའི་སྒྲོན་མེ་ཆེ།།
སྐྱེས་མཆོག་ཀརྨ་པ་ཡི་འཁྲུངས་སྐར་བསུ།།
无余众生依怙尊圣佛
无偏一切教法之庄严
三千世界暗除大明灯
恭迎尊圣法王之圣诞
དེ་ཡང་བཀྲ་ཤིས་པའི་མེ་ཏོག་གིས་མདུན་བསུས་ཏེ། འགྲོ་བ་ཀུན་ལ་མ་ལྟར་བརྩེ་བའི་མཉམ་མེད་ཐུབ་མཆོག་དོན་ཀུན་གྲུབ་པའི་དེ་ཉིད་ཀྱིས་ལུང་བསྟན་པ་ལྟར། རབ་དཀར་གངསརིའི་དཀར་པོའི་མུ་ཁྱུད་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བའི་བསིལ་ལྡན་ཁ་བའི་ལྗོངས་སམ་བོད་ཆོས་ལྡན་གྱི་ཞིང་འདིར་ཀརྨ་པ་ཞེས་ཚར་དུ་དངར་བའི་སྐུའི་སྐྱེ་རབས་རིམ་པར་བྱོན་པ་ལས།
如同缘起吉祥花的盛开,吾等本师释迦牟尼佛在2千5百多年前就预言金刚授记,未来在雪山围绕的清凉之处,佛教兴盛之地,将会诞生诸佛金刚事业之化身——如来大宝法王噶玛巴,行使了900多年的弘法利生的伟大事业。
ད་ལམ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་༧དཔལ་རྒྱལ་དབང་པོ་ཀརྨ་པའི་སྐུ་ཡི་ཕྲེང་བ་བདུན་པ་ཆེན་པོ་ཨོ་རྒྱན་རྒྱལ་བའི་མྱུ་གུ་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་སྐུ་ཡི་མཚན་དཔེའི་མེ་ཏོག་གསར་དུ་བཞད་པའི་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་ཆེན་མོའི་ཐོག་ཏུ་ཕེབས་པའི་དད་གུས་ལྷག་བསམ་གྱིས་ཕྱུག་པའི་བླ་སྤྲུལ་དགེ་འདུན་རྣམས་པ། གདངས་དབྱངས་མགྲིན་པའི་དབྱངས་སྙན་འཇམ་མཉེན་སོར་འདབ་ཀྱི་པི་ཝང་དང་ལྷན་དུ་སྐྱེ་འགྲོའི་སྙན་དབང་གསོ་བའི་གླུ་པ་དང་གླུ་མ། ལྡེམ་མྱུར་གྱི་གར་སྟབས་རེ་རེས་ཡིད་ཀྱི་དྲན་དབང་དབང་མེད་དུ་འགུགས་ཤིང་། འདྲེན་བྱེད་ཁྲི་འབུམ་གྱི་ལོངས་སྤྱོད་དུ་གྱུར་པའི་སྒྱུ་རྩལ་བ་རྣམ་པ་གཙོས་དོ་དགོང་གི་དགའ་སྟོན་གྱི་མཛད་སྒོ་འདིའི་ཐོག་ཏུ་ཕེབས་པའི་རང་རིགས་སྤུན་ཟླ་ཕོ་མོ་ཡོངས་ལ་སྤྲོ་སེམས་འཁོར་བའི་ངང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ལྷན་རྒྱས་དགོང་དྲོ་བདེ་ལེགས།
首先让我们一起来恭迎尊圣大宝法王噶玛巴邬金钦列多杰如意宝的圣诞。与此同时感谢前来参加圣诞宴会的具德高僧大德、仁波切、堪布为主的福田僧众,以及拥有语自在妙音天女般悦耳动听、宛转悠扬的男女歌手,具有那眉目传神、舞姿妙曼的舞者、艺术人为主,前来参加的所有嘉宾:在这里以热烈的声音问候大家扎西德勒、午时吉祥!
大宝法王噶玛巴生日快乐