༼༼མཐོ་སྒང་ཡིད་འཕྲོག་བོད་ལྭ།༽༽
《高原翊楚华服》
གཞས་ཚིག རུ་དམ་སྐལ་བཀྲ།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་མཁན། སྔོན་གཟའ་ཚེ་རིང་གཡང་དཀར།
རྫོགས་ཆེན་བསྟན་འཛིན།
作词:日当呷扎
作曲:佐庆丹真、
演唱:昂萨才仁永尕!
佐庆丹真
ངའི་ཕ་ཡུལ་གངས་ཀྱི་འདབས་རོལ་ན།
གནས་མཐོ་སྒང་ཡིད་འཕྲོག་བོད་ལྭ་ཡོད།
ཕྱི་མཛེས་པ་ཐེར་ཕྲུག་གོས་ཆེན་ཡིན།
ནང་མཛེས་པ་བལ་དཀར་ཚ་རུ་ཡིན།
ཨཱོ་་་་་་་་་ཡིད་འཕྲོག་བོད་ལྭ་ཡོ།
ཕྱི་མཛེས་པ་ཐེར་ཕྲུག་གོས་ཆེན་ཡིན།
ནང་མཛེས་པ་བལ་དཀར་ཚ་རུ་ཡིན།
ངའི་ཕ་ཡུལ་གངས་ཀྱི་འདབས་རོལ་ན།
གནས་མཐོ་སྒང་ཡིད་འཕྲོག་བོད་ལྭ་ཡོད།
སྟག་ཤར་རས་གྱོན་ན་འཇའ་ཚོན་ཡིན།
སྨན་བུ་མོས་གྱོན་ན་རྨ་བྱ་ཡིན།
ཨཱོ་་་་་་་་་ཡིད་འཕྲོག་བོད་ལྭ་ཡོ།
སྟག་ཤར་རས་གྱོན་ན་འཇའ་ཚོན་ཡིན།
སྨན་བུ་མོས་གྱོན་ན་རྨ་བྱ་ཡིན།
ངའི་ཕ་ཡུལ་གངས་ཀྱི་འདབས་རོལ་ན།
གནས་མཐོ་སྒང་ཡིད་འཕྲོག་བོད་ལྭ་ཡོད།
གོས་བརྒྱ་ཡོད་ནང་གི་གོས་མཆོག་ཡིན།
སྤུས་ཨ་ཡོད་ནང་གི་ད་ཡོད་ཡིན།
ཨཱོ་་་་་་་་་ཡིད་འཕྲོག་བོད་ལྭ་ཡོ།
གོས་བརྒྱ་ཡོད་ནང་གི་གོས་མཆོག་ཡིན།
སྤུས་ཨ་ཡོད་ནང་གི་ད་ཡོད་ཡིན།